ཧུང་ཡོན་རྫོང་གིས་བྱ་གཅེས་གཟའ་འཁོར་གྱི་བརྗོད་བྱ་གཙོ་བོའི་དྲིལ་སྒྲོག་བྱེད་སྒོ་སྤེལ།

རྩོམ་པ་པོ།   དུས་ཚོད།   2019-04-17   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


           རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཉེ་ཆར། ཧུང་ཡོན་རྫོང་གིས་བྱ་གཅེས་གཟའ་འཁོར་གྱི་བརྗོད་བྱ་གཙོ་བོའི་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས། སྲོག་ཆགས་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་བཏང་སྟེ་ཁྲིམས་ལྟར་བྱ་རིགས་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཤུགས་ཆེར་བཏང་།

           ཐེངས་དེའི་བྱེད་སྒོ་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོར་ཁེབས་ཡོད། དྲིལ་སྒྲོག་རླངས་འཁོར་ཐེངས6བཏང་ནས། བོད་རྒྱ་སྐད་གཉིས་ཀྱི་ཡིག་སྒྱུར་བྱས་པའི་འདབས་ཆགས་སྲུང་སྐྱོང་གི་དྲིལ་སྒྲོག་ཡིག་ཆ1000ལྷག་བཀྲམ་པ་དང་། འགྲེམས་པར་ཐེངས4འགྲེམས་སྟོན་བྱས། མང་ཚོགས་ཀྱི་བློ་འདྲི་དང་ལེན་བྱེད་མཁན་མི་ཐེངས300ལྷག་བཀོད་སྒྲིག་བྱས་པ་དང་།  མགྲོན་ཁང་དང་ཚོང་ཁང50ལྷག་ལ་འཕྲལ་དུ་ཞིབ་བཤེར་བྱས།

           དྲིལ་སྒྲོག་བྱེད་སྒོ་སྤེལ་བ་བརྒྱུད། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་འདབ་ཆགས་ལ་གཅེས་སྤྲས་དང་འདབ་ཆགས་ལ་སྲུང་སྐྱོང་བྱེད་པའི་རྒྱུན་ཤེས་ཤེས་རྟོགས་ཐུབ་པར་གོམ་གང་མདུན་སྤོས་སྒོས་སྐུལ་འདེད་བཏང་བ་མ་ཟད། རྒྱ་ཆེའི་འབྲོག་པ་མང་ཚོགས་སྐྱེ་ཁམས་སྲུང་སྐྱོང་གི་གྲལ་དུ་ཞུགས་པར་སྐུལ་སློངབཏང་ཞིང་། སྤྱི་ཚོགས་ཀྱི་སྐྱེ་ཁམས་འདུ་ཤེས་དང་། སྐྱེ་ཁམས་དཔལ་ཡོན་ཁྱབ་སྤེལ་གཏོང་བའི་འདུ་ཤེས་ཤུགས་ཆེར་བཏང་ནས། མི་དང་རང་བྱུང་ཁམས་བར་འཆམས་མཐུན་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ངོ་།

རྩོམ་སྒྲིག་པ།  ཚེ་པེ།