རང་བྱུང་སྣང་ཚུལ་སྐོར།

རྩོམ་པ་པོ།   དུས་ཚོད།   2019-03-11   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


ཞོགས་འཇའ་ཆུ་ཡིན།།

དགོང་འཇའ་མེ་ཡིན།།

དབྱར་ལ་མཁོ་བའི་སྦྲང་ཆར།།

དགུན་ལ་མཁོ་བའི་ཉི་མ།། 

དབྱར་ནམ་ཆར་བས་སྦངས།།

དགུན་ནམ་ཙག་གིས་འཁྱག།

ལྷོ་སྤྲིན་བྱང་ལ་སོང་ན།།

བྱང་གི་རྒྱ་མཚོ་སྔོན་མོ་དགུང་དུ་འཕྱུར།།

བྱང་སྤྲིན་ལྷོ་ལ་སོང་ན།།

ལྷོ་ཡི་ཙན་དན་དམར་པོ་མེ་རུ་འབར།།

སྟོན་རླུང་བསེར་བུ་མདའ་རེད།།

སློག་རུལ་གྲ་ཁ་འབེན་རེད།།

སྤྲིན་པ་བྱ་རོ་ཙམ་གྱིས།།

ནམ་མཁའི་སད་ཁོག།

སྐབས་སུ་བབས་པའི་གཏམ།།

དུས་སུ་བབས་པའི་ཆར།།

ནངས་སྔ་མོའི་སྤྲིན་དམར་ཆུ་ཡིན།།

དགོངས་ཕྱི་དྲོའི་སྤྲིན་དམར་མེ་ཡིན།། 

ཉི་གུར་ཕུབ་ན་ཉིན་གཅིག་འབབ།།

ཟླ་གུར་ཕུབ་ན་ཟླ་གཅིག་ལ་ཐང་།།

༡༠

འབྲུག་འུར་སྒྲ་ཆེ་ན་ཐང་རྟགས་ཡིན།།

དགྲ་ཁ་བཙན་ཆེ་ན་འགྲིག་རྟགས།།

༡༡

ཉི་མ་མེ་གྲོགས།།

ཆར་བ་ཆུ་གྲོགས།།

༡༢

མྱི་ངོ་སེར་ན་འཆི་འདོད་ཡིན།།

གནམ་ངོ་སེར་ན་འབབ་འདོད་ཡིན།།

༡༣

ཕྱི་དོའི་ཉི་མར་དྲོད་མེད།།

དྲོད་ཡོད་རུང་ཁོམ་པོ་ཆེ་མེད། །

༡༤

དགུ་དང་པོར་ས་འགས།།

དགུ་གཉིས་པར་རྡོ་འགས།།

དགུ་གསུམ་པར་ལྕགས་ཀྱི་ཟུ་ལུམ་འགས།།

༡༥

དབྱར་ཟླ་གསུམ་ལ་ལྕགས་བདག་བྱོས།།

དགུན་ཟླ་གསུམ་ལ་རྫ་མ་བདག་བྱོས།།

དུས་རྒྱུན་དུ་ཁ་བ་བདག་བྱོས། 

རྩོམ་སྒྲིག་པ།  ཚེ་པེ།