ཐུར་མ།

རྩོམ་པ་པོ།   དུས་ཚོད།   2019-01-18   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

      ལྷོ་ཁོ་རེ་ཡ་དང་ལྗར་པན་ན་ཐུར་མ་བཀོལ་སྤྱོད་བྱེད་བཞིན་ཡོད་མོད། ཐུར་མ་དང་ཐུར་མ་མི་འདྲ་ས་ཁ་ཤས་ཡོད།

           ཀྲུང་གོ་བས་ཐུར་མ་བཀོལ་སྤྱོད་བྱེད་པ་དེ་ནི་ཧ་ཅང་དམིགས་བསལ་ཞིག་ཡིན། སྔོན་ཆད་ཀྲུང་གོ་བའི་ཐུར་མའི་རིང་ཐུང་གིས་འཚོ་བའི་དབུལ་ཕྱུག་མཚོན་ཐུབ། ཡར་སྔོན་རྒྱུ་ཅན་དག་གི་ཐུར་མ་རིང་ལ། དབུལ་བོ་དག་གི་ཐུར་མ་ཐུང་བ་ཡིན། ཅིའི་ཕྱིར་ཞེ་ན། སྔོན་ཆད་འཁོར་ལོ་མེད་པ་དང་། རྒྱུ་ཅན་དག་ལ་ཚལ་མང་བས། ཐག་རིང་གི་ཚལ་འཛིན་བསམ་ན། ཐུར་མ་རིང་དགོས།

          རྒྱུ་མཚན་ཅིའི་ཕྱིར་ལྗར་པན་མིའི་ཐུར་མ་ཐུང་བ་ཡིན་ནམ། ལྗར་པན་བས་རང་ཉིད་མདུན་གྱི་སྡེར་མ་ལས་ཟ་དགོས་བས་ཐུར་མ་རིང་བ་ལས་ཐུང་ན་དགའ། མ་ཟད་ལྗར་པན་གྱི་ཐུར་མ་ལ་རྩེ་མོ་ཡོད། ཅིའི་ཕྱིར་ལྗར་པན་གྱིས་ཐུར་མ་རྩེ་མོ་ཅན་བཀོལ་བ་དང་ཀྲུང་གོས་རྩེ་མོ་མེད་པའི་ཐུར་མ་བཀོལ་དགོས་པ་ཡིན་ནམ། ཀྲུང་གོ་བས་བསམ་པར། ཟ་མ་ཟ་དུས་འཛིན་ཐུབ་ན་ཆོག་པ་དང་འཛེར་དགོས་པ་མ་རེད་སྙམ། གནས་ཚུལ་ག་འདྲ་ཞིག་གི་འོག་ཏུ་འཛེར་དགོས་པ་ཡིན་ནམ། མི་འདས་ནས་མཆོད་འབུལ་བྱེད་དུས། དཔེར་ན་མོག་མོག་ལ་འཛེར་བ། ཆུང་དུས་ཟ་ཁང་དུ་ཟ་མ་ཟ་དུས། ཐུར་མ་མོག་མོག་ལ་འཛེར་ནས་ཡར་བཀྱགས་ཏེ་ཕྱིར་ཡོང་བ་ཡིན། མི་དར་མས་བཤད་རྒྱུར་འདི་ལྟར་བྱེད་མི་རུང་བ། བཀྲ་མི་ཤིས་པ་ཡིན་ཚུལ་བཤད་ནས་ལམ་སེང་ཐུར་མ་ལས་མོག་མོག་ལོངས་ཟེར། ལྗར་པན་མིའི་ཐུར་མར་ཅིའི་ཕྱིར་རྩེ་མོ་ཡོད་པ་ཡིན་ནམ། ལྗར་པན་བས་ཉ་གསོན་པོ་ཟ་བ་ཡིན་པས། ཉ་གསོན་པོ་འཇམ་འདྲེན་ལྡན་ལ། གཙབ་རྗེས་ལྷག་ཏུ་འཇམ། དེའི་ཕྱིར་འཛེར་དགོས་པ་ཡིན། ལྗར་པན་ནས་ཐུར་མས་འཛེར་པ་དེ་ཡང་ངོ་ཚ་དགོས་པ་ཞིག་མིན་ལ། སྒྲིག་འགལ་ཞིག་ཀྱང་མིན།

       ལྷོ་ཁོ་རེ་ཡའི་མིས་ཅིའི་ཕྱིར་ལྕགས་རིགས་ཐུར་མ་བཀོལ་བ་ཡིན་ནམ། རྒྱུ་མཚན་དུས་རྒྱུན་བསྲེགས་ཟས་ཟ་བས། སྨྱུག་ཐུར་དང་ཤིང་ཐུར་སོལ་འགྱུར་བྱེད་སླ་བ་ཡིན། དེའི་ཕྱིར་ལྷོ་ཁོ་རེ་ཡའི་མི་ལྕགས་རིགས་ཐུར་མ་བཀོལ་བར་ཧ་ཅང་དགའ། ལྷོ་ཁོ་རེ་ཡར་གནའ་དུས་ཀྱི་ལའོ་ཅིན་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཡོད་དེ། ལྕགས་རིགས་ཐུར་མ་གྲུ་བཞི་ལེབ་མོ་ཡིན།

       ང་ཚོ་དང་ནུབ་ཕྱོགས་ཀྱི་ཧེ་བག་ལྷག་ཏུ་ཆེ། ཁོ་ཚོས་གྲི་དབྲག་བཀོལ་བ་ཡིན་ལ། ངེད་ཅག་གིས་ཐུར་མ་བཀོལ་བ་ཡིན། ང་ཚོས་ཤིང་ཐུར་གཉིས་ཀྱིས་གནད་དོན་ཚང་མ་ཐག་གཅོད་བྱེད་ཐུབ་ལ། ནུབ་ཕྱོགས་ཀྱི་མིས་དངོས་པོ་གཉིས་བཀོལ་ནས་གནད་དོན་ཐག་གཅོད་བྱེད་དགོས་ཏེ། གཡས་ལག་གིས་གྲི་འཛིན་པ་དང་གཡོན་ལག་གིས་གྲི་དབྲག་འཛིན་དགོས། དངོས་པོ་གཙབ་རྗེས་ཟ་དགོས་པ་ཡིན། སྐུ་ཞབས་ཚའེ་ཡོན་ཕེས་སྔོན་ཆད་འདི་ལྟར་བཤད་མྱོང་སྟེ། ཀྲུང་གོ་བས་ལར་ནས་དཔལ་ཡོན་སྲུང་བ་ལས་དྲག་ཤུགས་སྲུང་བ་མིན། ཟས་ཅོག་སྟེང་ནས་ཀྱང་ཀྲུང་གོའི་མི་དང་ནུབ་ཕྱོགས་མིའི་ཧེ་བག་མཐོང་ཐུབ། ང་ཚོའི་ཐུར་མ་ཞི་འཇམ་ཡིན་ལ། རལ་གྲིའི་ངར་ཤ་མེད། གྲི་དབྲག་ལ་ངར་ཤ་ཡོད་པ་རེད། གནའ་རབས་ཀྱི་དུས་སུ། གྲི་དབྲག་ནི་དམག་ཆས་ཤིག་ཡིན་ལ། གྲི་ཡང་ཡིན་པ་སྨྲ་མི་དགོས། གྲི་མ་གཞི་ནས་མཚོན་ཆ་ཡིན། མཚོན་ཆ་ཅོག་ཙེ་སྟེང་ལ་འཁྱེར་བ་ནི་ཕྱུགས་རིགས་སྤོ་འཚོའི་མི་རིགས་ཀྱི་རིག་གནས་ཀྱི་ཁྱད་ཆོས་ཡིན།

རྩོམ་སྒྲིག་པ།  ཚེ་པེ།