འོམ་ཐང་།

རྩོམ་པ་པོ།   དུས་ཚོད།   2018-12-27   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཆགས་དབྱིབས་དང་རྣམ་པ།  

          འོམ་པུའི་ངོ་མར་མཚོ་ལས་བྱུང་བའི་འོམ་ཆུ་བརྒྱུད་པའི་ཐང་ཆེན་པོ་གཡུ་ཡི་གཞོང་བ་འདྲ་བ་དེ་ལ་འོམ་ཐང་ཞེས་མིང་དུ་གྲགས་པ་དང་།  དེའི་ཤར་ཕྱོགས་སུ་འོམ་པུའི་རྟ་རྫོང་དང་།  ལྷོ་ཕྱོགས་སུ་མཚོ་འཁྱོག་གམ་གཏེར་མཚོ་ཕྱུག་མོ།  ནུབ་ཕྱོག་སུ་ཚལ་ཕྲན་ཉག་ཀ   བྱང་ཕྱོག་སུ་ཕྲག་ཁིས་ཁ་བར་ཡོད་པ་དང་།  ཨ་ལག་ཁྱོམ་ཙྰ་་སྐུ་ཕྲེང་གསུམ་པ་དམ་ཆོས་རྒྱ་མཚོ་མཆོག་གི་ཞལ་སྔ་ན་འོམ་བུའི་ནུབ་བྱུང་མཚམས་ཀྱི་སྒ་སྐོང་ངོ་ཞེས་པ་དེ་ཆོས་པས་པཎ་ཞུ་གྱོན་སའི་དགོན་ས་ཞིག་ཡིན་པར་མ་ཟད།  བྲག་སེང་གེའི་གདན་དང་།  ཆུ་གཡུ་འབྲུག་གི་གདན།  ཚལ་རྨ་བྱའི་གདན་དེ་གདན་སུམ་བརྩེགས་ཀྱི་ས་ཡང་ཡིན་པར་གསུངས་ཡོད།  དབྱར་གྱི་དུས་ཚིགས་སུ་འོམ་ཐང་ནི་ངེས་པ་དོན་གྱི་མེ་ཏོག་གི་འཇིག་རྟེན་ཞིག་ཡིན་པ་དང་།   དེ་ནི་འགྲོ་བ་མིས་བསམ་བཞིན་དུ་བསྐྲུན་པའི་མེ་ཏོག་གི་སྐྱེད་མོས་ཚལ་ལས་ཀྱང་ལྟ་ན་སྡུག་ཅིང་འདྲེན་བྱེད་དབང་བོ་ཅིག་ཅར་འཕྲོག་པར་བྱེད་པས།  ཇི་སྐད་དུ།  དྲི་ལྡན་མེ་ཏོག་རྒྱང་རིང་ཡང་།  བུང་བ་སྤྲིན་གྱི་ཚོགས་བཞིན་དུ། །  ཞེས་གསུངས་པ་ལྟར་ཕྱོགས་བཞིའི་སྐུ་མགྲོན་དག་བུང་བའི་ཚོག་ལ་འགྲན་པའི་ངང་ཚུལ་གྱིས་འོམ་ཐང་མེ་ཏོག་གི་རྒྱ་མཚོ་རུ་སྲིད་པའི་མཛེས་སྡུག་གི་དཔལ་ལ་ལོངས་སུ་སྤྱོད་བཞིན་པའོ། །  དེ་རུ་ཨུཏྤལ་སྔོན་

པོ་དང་།  ཨུ་ཏྤལ་སེར་བོ།  མཁན་པ་དཀར་བོ།  མཁན་པ་སེར་བོ།  རས་ལྕག་སོག་མིང་ཐོག་ས་སྟོང་དང་མིང་མི་ཐོགས་ས་ཁྲི་ལ་ལོངས་པའི་མེ་ཏོག་དཀར་སེར་དམར་ལྗང་གིས་མཐའ་ཡས་པའི་སྤང་ལྗོངས་ཡོངས་སུ་བརྒྱན་ཞིང་སྐྱེ་དགུའི་མིག་གི་དབང་བོ་ཅིག་ཅར་ཏུ་འཕྲོག་པར་བྱེད་པས།  དེང་སང་དེ་རུ་འོམ་ཐང་མེ་ཏོག་གི་རྒྱ་མཚོ་ཞེས་སྙན་པའི་གྲགས་པ་ཕྱོག་ཀུན་ལ་ཁྱབ་པར་གྱུར་ཡོད་པ་རེད།  


ས་གནས།  

              ཧུང་ཡོན་རྫོང་ཟངས་དཀར་ཡུལ་ཚོ་ན་བྱང་ཕྱོགས་སུ་སྤྱི་ལེ༢༥ཙམ་གྱི་མཚབས་སུ་ཡོད།  





རྩོམ་སྒྲིག་པ།  ཚེ་པེ།