པར་རིས་འདི་དག་མཐོང་ཨེ་མྱོང་།

རྩོམ་པ་པོ།   དུས་ཚོད།   2018-12-26   རྩོམ་ཁུངས།   

             རང་འགུལ་མེད་ན། སྒྱིད་ལུག་གི་རྒྱ་རྙིར་ཚུད་ཅིང་། ཕུགས་བསམ་མེད་ན། ངན་པའི་དབང་དུ་ཚུད་ངེས། དེ་ལྟར། ཡུན་རིང་ནས་ཡུན་རིང་སོང་ཚེ། གོམས་གཤིས་ངན་པའི་མི་མངོན་པའི་འཆིང་ཐག་ཞིག་གིས་ལུས་པོ་ཡོངས་རྫོགས་བསྡམས་སྲིད་པས། ནམ་ཞིག འབྱུང་འགྱུར་གྱི་ཆེད་དུ་འབད་དགོས་བསམ་ཀྱང་ཕྱི་དྲགས་ཟིན། དེས་ན་རྒྱུན་དུ་ནས་ཡིད་ཆེས་ཀྱི་བློ་ཁ་མི་སྒྱུར་ཞིང་། བརྩོན་འགྲུས་ཀྱི་སྲབ་མདའ་མི་གློད་རྒྱུ་གལ་པོ་ཆེའོ།

           སྐབས་འགར་ཁྱེད་ཀྱི་འཚོ་བ་སྐྱིད་པོ་ཡོད་མེད་དང་། ལམ་འགྲོ་རྒྱུགས་མིན་དེའང་ཁྱེད་ཀྱིས་བདམས་པའི་ལམ་བུ་དང་བསམ་བློ་གང་འདྲ་གཏོང་མིན་ལ་རག་ལུས་འདུག

           དོན་གང་ཞིག་འགྲུབ་པར་གཙོ་བོ་ལག་ཆ་དང་ཐབས་ཤེས་མང་ཉུང་མིན་ཞིང་། བེད་སྤྱོད་གང་འདྲ་བྱེད་མིན་ལ་ཐུག་ཡོད།

         བྱ་བ་ཐམས་ཅད་ལད་མོ་ཡིན། ལད་མོའི་ནང་ནས་སུ་མཁས་ཡིན་ཞེས་བརྗོད་མོད། འོན་ཀྱང་བྱ་གཞག་གང་ཞིག་སྒྲུབ་ཀྱང་ཐབས་ཤེས་དགོས། ཐབས་དང་ཤེས་རབ་ཀྱིས་དབུལ་ན་ངལ་བ་འབྲས་མེད་དུ་གྱུར་ཉེན་ཡོད།

       དོན་གང་ཞིག་སྒྲུབ་ཀྱང་ཁ་ཕྱོགས་མ་འགྲིག་ན། རྐང་རྗེས་ལག་སུབ་དང་སྔོན་བྱས་འཕྲོ་བརླག་ཏུ་འགྲོ་ཉེན་ཡོད།  དེར་བརྟེན། དམིགས་འབེན་ལ་ལྟོས་ཀྱིན་འབད་འཐབ་ཀྱི་ཁ་ཕྱོགས་ཡང་དག་པ་ཞིག་འཚོལ་དགོས།

རྩོམ་སྒྲིག་པ། ཚེ་པེ།