སི་ཁྲོན་གྱི་དམངས་གཉེར་ཁེ་ལས་ཀྱིས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་འདུ་འཚོགས།

རྩོམ་པ་པོ།   དུས་ཚོད།   2018-12-17   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

      རྔ་བའི་གསར་འགྱུར་དྲ་བའི་འཕྲིན།   ཟླ12པའི་ཚེས7ཉིན། སི་ཁྲོན་གྱི་དམངས་གཉེར་ཁེ་ལས་ཀྱིས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།

      བྱེད་སྒོ་མ་སྤེལ་བའི་གོང་དུ། ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལིས་བྱེད་སྒོར་ཞུགས་པའི་དམངས་གཉེར་ཁེ་ལས་པ་འགའ་དང་བཞུགས་མོལ་མཛད་སྐབས། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་མཛད་ནས་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པ་ལ་གདེང་འཇོག་ལེགས་པོ་མཛད།

      དམངས་གཉེར་ཁེ་ལས་པ་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་འཐུས་མི400ལྷག་ལྷན་འཛོམས་བྱས་ནས་མཉམ་དུ་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ40འཁོར་བར་རྟེན་འབྲེལ་ཞུས་པར་མ་ཟད། མཉམ་དུ་སི་ཁྲོན་གྱི་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་ཇུས་ལ་གྲོས་བྱས། ཐུང་ཝེ་ཚོགས་པའི་ལས་འཛིན་ཅུས་ཀྱི་ཀྲུའུ་ཞི་ལིའུ་ཧན་ཡོན་ལ་སོགས་པས་ཚོགས་འདུར་སྐད་ཆ་བཤད། ཧའེ་ཐེ་ཚོགས་པའི་ཏུང་ཧྲི་ཀྲང་ལི་པིའོ་ཡིས་སི་ཁྲོན་གྱི་དམངས་གཉེར་ཁེ་ལས་པ་རྣམས་ཀྱི་ཚབ་བྱས་ནས་གྲོས་གཞི་འདོན་ཡིག་བཀླགས།

      ཞིང་ཨུའི་འཐས་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚོགས་འདུར་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ40རིང་དུ་བྱུང་བའི་སི་ཁྲོན་གྱི་ཕུལ་བྱུང་བའི་དམངས་གཉེར་ཁེ་ལས་པ་བརྒྱའི་མིང་ཐོ་བསྒྲགས་པ་དང་།  2018ལོའི་སི་ཁྲོན་ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་སྟོབས་ཆེན100ཡི་མིང་ཐོ་བསྒྲགས།།







 

(ཚེ་རིང་འབུམ་གྱིས་བསྒྱུར།)

རྩོམ་སྒྲིག་པ། ཀླུ་རྒྱལ་ཚེ་རིང་།