ཁུལ་ཨུས་ལྟེ་གནས་ཚོ་ཆུང་གི“ཆོས་ལུགས་ལས་ཀའི”ཆེད་ ལས་སློབ་སྦྱོང་གི(རྒྱས་འཛོམས)ཚོགས་འདུ་འཚོགས།

རྩོམ་པ་པོ།   དུས་ཚོད།   2018-11-02   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཟླ10བའི་ཚེས27ཉིན། རང་ཁུལ་གྱིས་ཁུལ་ཨུའི་ལྟེ་གནས་ཚོ་ཆུང་གི“ཆོས་ལུགས་ལས་ཀའི”ཆེད་ལས་སློབ་སྦྱོང་གི(རྒྱས་འཛོམས)ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ཀྱི་ལས་ཀའི་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན་གཏིང་ཟབ་སྒོས་སློབ་སྦྱོང་བྱས།

        ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གི་མངག་བཅོལ་ལྟར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་ཚོགས་འདུའི་གཙོ་འགན་བཞེས། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་གདན་ཞུས་དགེ་རྒན་ཆེན་མོ་ཝང་ཙེང་ཅན་དང་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཡོན་ཧུང་རྣམ་གཉིས་ཀྱིས་སོ་སོས་གསར་དུ་བཟོ་བཅོས་བྱས་པའི《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག》དང“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ཀྱི་ལས་ཀའི་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན”ལ་དམིགས་ཏེ་ཆེད་དོན་ཟུར་ཁྲིད་བྱས།།

རྩོམ་སྒྲིག་པ།  ཚེ་པེ།