ལིའུ་ཕིང་གིས་རྔ་བ་ཁུལ་གྱི་ཏང་སྲིད་འཐུས་མིའི་ཚོགས་པ་ཁྲིད་དེ་ཀོང་ཞི་རུ་སློབ་སྦྱོང་དང་རྟོག་ཞིབ་མཛད།

རྩོམ་པ་པོ།   དུས་ཚོད།   2018-11-02   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            རྔ་བའི་གསར་འགྱུར་དྲ་བའི་འཕྲིན།   ཟླ10བའི་ཚེས24ཉིན་ནས་ཚེས29ཉིན་གྱི་བར་དུ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་རྔ་བ་ཁུལ་གྱི་ཏང་སྲིད་འཐུས་མིའི་ཚོགས་པ་ཁྲིད་དེ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་གྱི་ནན་ཉིང་གྲོང་ཁྱེར་དང་པེ་སེ་གྲོང་ཁྱེར། ཀུའེ་ལིན་གྲོང་ཁྱེར་བཅས་སུ་ཕེབས་ནས། གྲོང་གསེབ་དར་རྒྱས་དང་དབུལ་བྲལ་གནད་སྒྲོལ། སྐྱེ་ཁམས་འཛུགས་སྐྱོང་། ལྗོངས་སྐོར་འཕེལ་རྒྱས། ཁོར་ཡུག་བདག་སྐྱོང་ལ་སོགས་པའི་ཉམས་མྱོང་དང་བྱེད་ཐབས་བཟང་བོ་སློབ་སྦྱོང་དང་རྟོག་ཞིབ་མཛད་པར་མ་ཟད། ཀོང་ཞིའི་ས་གནས་སོ་སོའི་བར་ཕྱོགས་མང་བོ་ནས་མཉམ་ལས་བརྗེ་རེས་བྱེད་ཤུགས་བསྣན་པས། ལྷོ་རྒྱུད་དུ་རྒྱ་སྐྱེད་བཏང་བ་དང་ལྷོ་རྒྱུད་དུ་སྒོ་རྒྱ་ཆེར་ཕྱེ་ནས། ཁུལ་གཅིག་དང་གླིང་ཁུལ་གཉིས། ཁྱིམ་གཞིས་གསུམ་བསྐྲུན་པའི་རྣམ་པ་གསར་བ་གཏོད་པར་འབད་འབུངས་མཛད། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་རྒྱུན་ཨུ། ནན་ཉིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཞའོ་ཏུང་དང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ། ཀུའེ་ལིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། གྲོང་ཁྱེར་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཀྲའོ་ལེ་ཆིང་། པེ་སེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ། རྒྱུན་ལས་ཧྲི་ཀྲང་གཞོན་པ་རུང་ཞན་པིའོ་རྣམས་ཀྱིས་ཕེབས་རོགས་ཞུས།

          རྟོག་ཞིབ་བྱེད་སྒོ་མཇུག་བསྒྲིལ་རྗེས། ལིའུ་ཕིང་གིས་འཐུས་མིའི་ཚོགས་པའི་ཁོངས་མི་རྣམས་ལ་རང་ཉིད་ཀྱི་ལས་ཀའི་གནས་ཚུལ་དངོས་དང་སྦྲེལ་ནས། སློབ་སྦྱོང་དང་རྟོག་ཞིབ་བྱས་པའི་ཉམས་མྱོང་ཕྱོགས་སྡོམ་དང་། བསམ་བློ་གཅིག་མཐུན། ཐུན་མོང་གི་ངོས་འཛིན་བསྡུ་བ། བསམ་བློ་བཅིངས་འགྲོལ། གཙོ་གནད་ལས་སྒྲོལ་བ། སྙིང་སྟོབས་ཆེར་བསྐྱེད་ཀྱིས་བྱ་བ་གང་ཆེ་ན་དེ་བསྒྲུབས་པ་བརྒྱུད། ཁུལ་གཅིག་དང་གླིང་ཁུལ་གཉིས། ཁྱིམ་གཞི་གསུམ་བསྐྲུན་པའི་རྣམ་པ་གསར་བ་གཏོད་པར་འབད་འབུངས་བྱ་རྒྱུའི་རེ་བ་གནང་།།


རྩོམ་སྒྲིག་པ།  ཚེ་པེ།