རང་ཁུལ་ནས་ཀྱང་གློག་རིན་སྐད་འཕྲིན་བརྒྱུད་ནས་སྤྲད་ཆོག

རྩོམ་པ་པོ།   དུས་ཚོད།   2018-11-02   རྩོམ་ཁུངས།    རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཕྲིན་སྟེགས།

ལས་ཀར་སོང་ནས་ཧ་ཅང་ཐང་ཆད་བཞིན་ཁྱིམ་དུ་ལོག་རྗེས།

སེམས་ལྷོད་ལྷོད་ཀྱིས་བརྙན་འཕྲིན་ལ་བལྟ་བ་དང་ཡང་ན་དཔེ་ཆར་བལྟ་བ།

ཡང་ན་ཞེ་དུངས་དུངས་ཀྱིས་ཐག་རིང་དུ་སྡོད་པའི་ནང་མི་དང་མཛའ་ན་མོ་གང་རུང་ལ

འཆར་བརྙན་བརྒྱུད་ནས་ཁ་བརྡ་གློད་པའི་བར་སྐབས་དེར

གློ་རྡེག་གློག་ཆད་ནས་

ངལ་གསོ་ལ་བར་ཆད་བྱུང་བ་དང་།

མུན་ནག་ཁྲོད་གཅིག་པུར་འཚིག་པ་ཟ་བཞིན་བསྡད་མྱོང་ངམ། 

ཆེད་དུ་གློག་རིན་སྤྲོད་པར་སྒོ་ཕྱིར་འབུད་མ་འདོད་པར།

ལེ་བདའ་དང་འཁང་ར་བྱེད་བཞིན་

བཙན་ཚུགས་ཀྱིས་མགོ་བོ་མལ་ཐུལ་གྱིས་གཅུད་ཀྱང་

གཉིད་མ་ཁུགས་པར་མུན་ནག་ཁྲོད་མིག་ཟུང་ཅེར་ནས་བསྡད་མྱོང་མཁན་སུ་སུ་ཡོད། 

ལག་པ་ཁྱོགས་དང་། གཤམ་མཆན་འཁོད་དང་།

ཧ་ཧ་ཧ  

འདི་ལྟ་བུའི་འཚོ་བ་བརྒྱུད་མྱོང་བའི་དྲ་གྲོགས་མང་པོ་ཞིག་ཡོད་སྲིད་རྒྱུ་རེད།

ཨ་རོགས་ཚོ།

ཁ་སང་དེ་རིང་རང་ཁུལ་གྱི་ས་ཆ་སོ་སོ་ནས་སྐད་འཕྲིན་ལས་གློག་རིན་སྤྲད་ཆོག་འདུག 

གློག་རིན་ཇི་ལྟར་སྤྲོད་དགོས་ཟེར་ན་གཤམ་ལ་གཟིགས་རོགས། 

གློག་རིན་སྤྲོད་སྟངས་ཨེ་ཤེས་ཐལ། 

དགེ་ཕྱོགས། ད་ངོ་མས་སྟབས་བདེ་རེད་ལ།

ཞོར་དུ་རེ་བ་ཞིག་ཞུས་ན།

གཏམ་འདི་ཉེ་འཁོར་གྱི་མི་དག་ལ་ཡང་བཤད་བསྐྱར་བཤད་དང་

ས་བསྐུར་གནམ་བསྐུར་ཞིག་བྱེད་རོགས།

ཁ་དྲོའོ།།

རྩོམ་སྒྲིག་པ།  ཚེ་པེ།