ད་ལོར་ཁྱུང་མཆུ་གནམ་གྲུ་ཐང་ནས་དགུན་ཁ་ཡང་གནམ་གྲུ་འཕུར་རྒྱུ་རེད།

རྩོམ་པ་པོ།   དུས་ཚོད།   2018-10-30   རྩོམ་ཁུངས།    ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

              རྔ་ཁུལ་ཡུལ་སྐོར་གྱི་གཞུང་ཕྱོགས་དྲ་ཚིགས་སུ་སྤེལ་བའི་གནས་ཚུལ་ལྟར་ན། ཁྱུང་མཆུ་གནམ་ཐང་གིས་ད་ལོར་ཐོག་དང་པོར་དཔྱིད་དགུན་གཉིས་ལའང་གནམ་གྲུ་འཕུར་བསྐྱོད་བྱས་ནས། དུས་ཚིགས་བཞི་བོར་གནམ་གྲུ་འཕུར་བསྐྱོད་ཡོད་པར་བྱ་རྒྱུ་ཡིན་འདུག དང་པོ། དགུན་ཁ་དང་དཔྱིད་ཁར་ཁྲེང་ཏུའུ་ལ་འཕུར་བའི་གནམ་གྲུ

འཕུར་རེས་ཨང་གྲངས། CA/4025/6

འཕུར་ཐེངས།  གཟའ་རེའི་གཟའ་ཟླ་བ་དང་གཟའ་པ་སངས། 

དུས་ཚོད།   ཁྲེང་ཏུའུ་ནས་ཁྱུང་མཆུ།  09:35—10:35

          ཁྱུང་མཆུ་ནས་ཁྲིན་ཏུའུ། 18:00—19:00

གཉིས་པ། དགུན་ཁ་དང་དཔྱིད་ཁར་ལྷ་ས་ནས་འཕུར་བའི་གནམ་གྲུ

འཕུར་རེས་ཨང་གྲངས། CA/4025/6

འཕུར་ཐེངས། གཟའ་རེའི་གཟའ་ཟླ་བ་དང་གཟའ་པ་སངས། 

དུས་ཚོད། ཁྱུང་མཆུ་ནས་ལྷ་ས། 11:45—14:05

        ལྷ་ས་ནས་ཁྱུང་མཆུ། 15:15—17:15

རྩོམ་སྒྲིག་པ།  ཚེ་པེ།