རང་ཁུལ་གྱིས་སློབ་གྲྭ་ཆུང་འབྲིང་དུ་ཏང་འཛུགས་སྐྱོང་གི་ལས་ཀར་ཤུགས་བསྣན་པའི་གྲོས་གཞི་བཀོད།

རྩོམ་པ་པོ།   དུས་ཚོད།   2018-10-30   རྩོམ་ཁུངས།    རྔ་བའི་གསརའགྱུར་དྲ་བ།

           རྔ་བའི་གསར་འགྱུར་དྲ་བའི་འཕྲིན།   ཉེ་ཆར་རང་ཁུལ་གྱིས《ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དུ་ཏང་འཛུགས་སྐྱོང་གི་ལས་ཀར་ཤུགས་བསྣན་པའི་སྐོར་གྱི་ལག་བསྟར་གྲོས་གཞི》བཀོད་ནས། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དུ་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་སྲོག་ཤིང་ནུས་པ་སྤེལ་བ་དང་དོ་དམ་ནང་རྐྱེན་འཐུས་སྒོ་ཇེ་ཚང་དུ་གཏང་བ། ཏང་འཛུགས་སྐྱོང་གི་ལས་ཀ་ལས་པའི་སྤུས་ཚད་ཇེ་མཐོར་གཏང་བ། ཏང་དོན་ལས་ཀ་བའི་དཔུང་སྡེར་ཤུགས་བསྣན་པ་ལ་སོགས་པའི་ཐད་དུ་རེ་འདུན་གསལ་བོ་བཏོན་ཡོད།

         《གྲོས་གཞི》ལས་བསྟན་དོན། སློབ་གྲྭ་ཆུང་འབྲིང་དུ་ཏང་འཛུགས་སྐྱོང་བྱེད་ཤུགས་བསྣན་པ་དེ་ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་དུ་བསྟར་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གྲྭ་གཉེར་བའི་ཁ་ཕྱོགས་འགན་ལེན། མི་བཟང་སྤྱོད་བཟང་དུ་བསྒྱུར་བའི་གཞི་རྩའི་ལས་འགན་དོན་འཁྱོལ། མི་དམངས་ཀྱི་བློ་ལ་འབབ་པའི་སློབ་གསོ་གཉེར་བ་སོགས་ལ་སྙིང་དོན་གལ་ཆེན་ཡོད་ངེས་རེད།

         ཕྱོགས་ཡོངས་ནས་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱས་པའི་འོག་སློབ་གྲྭའི་འགོ་འཛིན་གྱིས་འགན་ཁུར་བའི་ལམ་ལུགས་ལག་ལེན་དུ་བསྟར་བ་ནི་གྲོས་གཞིའི་ནང་དོན་གལ་ཆེན་ཞིག་ཡིན། སློབ་གྲྭ་ཆུང་འབྲིང་དུ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་སྲོག་ཤིང་ནུས་པ་སྤེལ་བ་དང་། སློབ་གྲྭ་ཆུང་འབྲིང་དུ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱ་བའི་སྲོག་ཤིང་གི་ནུས་པ་སྤེལ་ཐབས་འཚོལ་ཞིབ་བྱ་བ་ནི་གྲོས་གཞི་ལས་གསལ་བོར་བཏོན་པའི་གཙོ་གནད་གཉིས་ཡིན།།


རྩོམ་སྒྲིག་པ།  ཚེ་པེ།