གཟི་རྩ་སྡེ་དགུས་སྐྱེ་ཁམས་སླར་གསོ་བྱེད་བཞིན་ཡོད།

རྩོམ་པ་པོ།   དུས་ཚོད།   2018-10-25   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         མིག་སྔར།  གཟི་རྩྭ་སྡེ་དགུའི་ལྗོངས་ཁུལ་གྱིས་མགྱོགར་མྱུར་དུ་སླར་གསོ་བསྐྱར་སྐྲུན་བྱས།  ཤེས་གསལ་ལྟར་ན།  གཟི་རྩྭ་སྡེ་དགུར་ས་འགུལ་བྱུང་ནས་མཛེས་ལྗོངས་འགའ་ཞིག་ལ་ཚད་མི་འདྲ་བའི་གཏོར་བརླག་ཐེབས།  གནོད་རྗེས་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད་ལྟར།    ཆེད་ལས་མཁས་པས་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད།  སླར་གསོའི་ཇུས་གཞི་བཟོས་ཏེ།  ཚན་རིག་དང་མཐུན་པའི་སྒོ་ནས་ནོར་བུ་གླིང་འབབ་ཆུ་སོག་ཀྱི་གཙོ་གནད་ལྗོངས་ཁུལ་ལ་སྲུང་སྐྱོབ་རང་བཞིན་གྱི་སླར་གསོ་བྱས། རང་བྱུང་ལ་བརྩི་འཇོག་དང་།  ཐེ་གཏོག་འོས་འཚམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རང་བྱུང་སླར་གསོ་དང་།  སྐྱེ་ཁམས་སླར་གསོ་མངོན་གསལ་དོད་པོ་བྱས།