དབྱང་ཁེ་ཉིང་གིས་ཟུང་ཆུ་རྫོང་དུ་དབུལ་བྲལ་གནད་སྒྲོལ་གྱི་ལས་ཀར་བརྟག་ཞིབ་དང་ལྟ་སྐུལ་སློབ་སྟོན་མཛད།

རྩོམ་པ་པོ།   དུས་ཚོད།   2018-10-23   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཟླ10བའི་ཚེས16ཉིན་ནས་ཚེས18ཉིན་གྱི་བར་དུ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་ཟུང་ཆུ་རྫོང་གི་པེ་དབྱང་ཡུལ་ཚོ་དང་ཞའོ་ཧོ་ཡུལ་ཚོ། ཧྲི་ཅ་པའོ་ཡུལ་ཚོ། ཁྲི་སྨོན་ཡུལ་ཚོ། གཙོ་ཚང་སྒུ་གྲོང་རྡལ། རྡོ་ཟམ་ཡུལ་ཚོ་བཅས་སུ་ཕེབས་ནས། ཟུང་ཆུ་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་དབུལ་བྲལ་གནད་སྒྲོལ་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་ལ་སྐུལ་འདེད་དང་ལྟ་སྐུལ་སློབ་སྟོན་མཛད་པ་དང་། 2018ལོའི་དབུལ་བྲལ་གནད་སྒྲོལ་གྱི་ལས་ཀ་ཕྱོགས་ཡོངས་ནས་སྤེལ་ཚུལ་ལ་བརྟག་ཞིབ་མཛད་པར་མ་ཟད། ལས་ཀ་ཡར་ཞུའི་ཚོགས་འདུ་འཚོགས་ནས། གནད་དོན་ཐག་གཅོད་ལ་མཐུན་སྦྱོར་མཛད་པ་བརྒྱུད། སྤུས་ཚད་བཟང་ཞིང་ཆུ་ཚད་མཐོ་བའི་ལམ་ནས་དབུལ་བྲལ་གནད་སྒྲོལ་གྱི་དམིགས་འབེན་ལས་འགན་ལེགས་སུ་འགྲུབ་པར་འགན་ལེན་མཛད། ཁོང་གིས་གསུང་དོན། སེམས་རྣལ་དུ་ཕབ་ནས་ཐོན་ལས་འཕེལ་རྒྱས་དམ་པོར་བཟུང་ནས། ཐོན་ལས་ནི་དབུལ་ཕོངས་མང་ཚོགས་ཀྱི་ཡུན་རིང་གི་ཡོང་འབབ་དང་བརྟན་པོར་འཕར་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བསྒྱུར་དགོས། མང་ཚོགས་ལས་ཞུགས་ཀྱི་ཐབས་ལམ་ཇེ་མང་དུ་གཏང་བར་ནུས་ཤུགས་བཏང་ནས། ངལ་རྩོལ་བ་ཕྱི་ཡུལ་དུ་འགྲོ་བ་རྩ་འཛུགས་ཅན་དུ་བསྒྱུར་བའི་གོ་རིམ་ཇེ་ལེགས་སུ་གཏང་བ་དང་། འཛུགས་སྐྲུན་སྡེ་ཁག་དང་ལྗོངས་སྐོར་དང་འབྲེལ་བའི་ཁེ་ལས་ཀྱིས་དཀའ་ངལ་ཡོད་པའི་ངལ་རྩོལ་བ་ཐོག་མར་བེད་སྤྱོད་བྱེད་པར་སྣེ་ཁྲིད་དང་རོགས་རམ་བྱས་པ་བརྒྱུད། ཐག་ཉེ་སར་ཞུགས་འདོད་པའི་དཀའ་ངལ་མང་ཚོགས་ལས་ཞུགས་ལ་སྐུལ་དགོས།།

རྩོམ་སྒྲིག་པ།  ཚེ་པེ།