བསོད་ནམས་ཡིན་།

རྩོམ་པ་པོ།   འཕན་འོ་མཚོ།དུས་ཚོད།   2018-10-19   རྩོམ་ཁུངས།    རྔ་བའི་གསར་འགྱུར་ཚགས་པར།

ཆུང་རོགས་ལོ་ཁོ་ལ་ཡག་ཟི་ཡོད།།

ཡག་མེ་ཏོག་འདྲ་བའི་འཛུམ་ཤིག་ཡོད།།

འཛུམ་དེ་ལ་ལྟ་རྒྱུའི་ལས་ཡོད་ན།།

མྱིག་ཁྲ་རིལ་འདི་ཡི་བསོད་ནམས་ཡིན།།

ཆུང་རོགས་ལོ་ཁོ་ལ་ཉམས་ཟི་ཡོད།།

ཉམས་ལྷ་མོ་འདྲ་བའི་སྒེག་ཅིག་ཡོད།།

སྒེག་དེ་ལ་འབྲེལ་རྒྱུའི་ལས་ཡོད་ན།།

ལུས་ཕུང་པོ་འདི་ཡི་བསོད་ནམས་ཡིན།།

ཆུང་རོགས་ལོ་ཁོ་ལ་སྐད་ཟི་ཡོད།།

སྐད་ཁུ་བྱུག་འདྲ་བའི་གདངས་ཤིག་ཡོད།།

གདངས་དེ་ལ་ཉན་རྒྱུ་ལས་ཡོད་ན།།

རྣ་ཨ་གྱོག་འདི་ཡི་བསོད་ནམས་ཡིན།།

ཆུང་རོགས་ལོ་ཁོ་ལ་འཇམ་ཟི་ཡོད།།

འཇམ་བལ་དཀར་ཁ་ཆུའི་གཤིས་ཤིག་ཡོད།།

གཤིས་དེ་ལ་འདྲིས་རྒྱུ་ལས་ཡོད་ན།།

སེམས་དམར་ཆུང་འདི་ཡི་བསོད་ནམས་ཡིན།།

རྩོམ་སྒྲིག་པ།  ཚེ་པ།ེ