ད་ལོར་ལྷ་རྒྱལ་གླིང་གི་ཞིང་བ་ལ་ལོ་ལེགས་སྨིན་བྱུང་།

རྩོམ་པ་པོ།   དུས་ཚོད།   2018-10-17   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              ཟླ10བའི་ཚེས8ཉིན། ཧུང་ཡོན་རྫོང་ལྷ་རྒྱལ་གླིང་གྲོང་རྡལ་གྱི་གླང་རྔ་འདེབས་འཛུགས་ལྟེ་གནས་སུ་མང་ཚོགས་ཀྱིས་གླང་རྔ་བསྡུ་བཞིན་ཡོད་ལ། ད་ལོའི་སྟོན་ཁར་ལྷ་རྒྱལ་གླིང་གྲོང་རྡལ་ལ་མཚོན་ན་འབྲས་བཟང་ལོ་ལེགས་སྨིན་པའི་དུས་ཚིགས་ཤིག་ཡིན་ཅིང་། ལྷ་རྒྱལ་གླིང་གི་གླང་རྔ་ནི་ཁྲེང་ཏུའུ་ཡི་ཁྲོམ་རར་མཚོན་ན་ཧ་ཅང་བྲིན་པའི་ཚོང་ཟོག་ཅིག་ཏུ་གྱུར་ཡོད། ཨ་ནེ་ཧོ་ལགས་ཀྱིས་དེ་རིང་ཞིང་ནང་ནས་བསྡུས་ཡོང་བའི་གླང་རྔ་རླངས་འཁོར་གང་བོར་ཕལ་ཆེར་སྒོར་ཁྲི་དྲུག་བདུན་ཙམ་ཞིག་ཁུག་ངེས་རེད།

             ཉེ་བའི་ལོ་ཤས་རིང་ཧུང་ཡོན་རྫོང་ལྷ་རྒྱལ་གླིང་གྲོང་རྡལ་ལྟ་བུར་མཚོན་ན། དམིགས་བསལ་གྱི་ས་བབ་དང་གནམ་གཤིས་ཀྱི་ལེགས་ཆར་བརྟེན་ནས། སྔོ་ཚལ་འདེབས་འཛུགས་བྱས་ནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་བཞིན་ཡོད། ད་ལོར། གྲོང་རྡལ་འདིས་ས་མུའུ2200ལྷག་ལ་གླང་རྔ་བཏབ་ཅིང་། གྲོང་རྡལ་འདིའི་ད་ལོའི་གླང་རྔ་རྐྱང་བའི་ཡོང་སྒོ་སྒོར39600000ལྷག་ཡིན།

དབུལ་སྐྱོར་ལས་ཁུངས་ཀྱིས་མང་ཚོགས་ལ་གླང་རྔ་བསྡུ་རོགས་བྱེད་བཞིན་པ། 

གླང་རྔ་སྡོམ་བཞིན་པ།