ལྷག་ཏུ་སྐྲག་།

རྩོམ་པ་པོ།   དུས་ཚོད།   2018-10-11   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

དགྲ་ནག་པོར་མི་སྐྲག་གཉེན་ལ་སྐྲག།

གཉེན་ཁ་ཁོག་ཅན་ལ་ལྷག་ཏུ་སྐྲག།

རྒྱུད་དངོས་ལྐོག་གཤིས་ཀྱི་འགྱུ་བ་དེ།།

དུས་གང་ལ་འགྱུར་འགྲོ་ཆ་མེད་རེད།།

ཉམས་ཁྲོ་བོར་མི་སྐྲག་འཛུམ་ལ་སྐྲག།

འཛུམ་བཅོས་མ་ཅན་ལ་ལྷག་ཏུ་སྐྲག།

ངོ་དཀར་ནག་འདྲེས་མའི་བསླུ་བྲིད་དེ།།

དུས་གང་ལ་འཁྲབ་འགྲོ་ཆ་མེད་རེད།།

ཕྱི་མྱི་ཁར་མི་སྐྲག་ནང་ལ་སྐྲག།

ནང་ཕྲག་དོག་ཅན་ལ་ལྷག་ཏུ་སྐྲག།

བཟང་ཡོན་ཏན་མི་མཐོང་རང་རློམ་དེ།།

དུས་གང་ལ་སྟོན་འགྲོ་ཆ་མེད་རེད།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།