ནོ་པེལ་བྱ་དགའ་ཐོབ་རྗེས་ཁོང་གིས་འདི་ལྟར་གནང་འདུག

རྩོམ་པ་པོ།   དུས་ཚོད།   2018-10-11   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

           ཟླ་༡༠པའི་ཚེས་༩ཉིན་ཨ་རིའི་ཡེ་ལི་སློབ་གྲྭ་ཆེན་མོས་སློབ་གྲྭ་དེ་གའི་དཔལ་འབྱོར་རིག་པའི་སློབ་དཔོན་ཆེ་མོ་ནོར་ཏི་ཧོའུ་སིར་(Nordhaus)ནོ་པེལ་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་པའི་གནས་ཚུལ་སྤེལ་ཏེ་རྟེན་འབྲེལ་ཞུ་ཚིག་སྤེལ་ཡོད་པ་དང་། དེ་དང་མཉམ་དུ་དོན་དག་གཞན་ཞིག་ཀྱང་ཁྱབ་བསྒྲགས་བྱས་ཡོད།  མ་གཞི་ནོ་པེལ་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་པའི་ནོར་ཏི་ཧོའུ་སིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱ་དགོས་མོད། ཡིན་ནའང་ཉིན་དེའི་ཞོགས་པར་དངོས་གཞིའི་སློབ་མར་སྤྱི་ཁོག་དཔལ་འབྱོར་གྱི་སློབ་ཚན་ཁྲིད་དགོས་པས། གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ནར་འགྱངས་བྱས་ཤིང་ནམ་རྒྱུན་ལྟར་དུས་ཐོག་ཏུ་སློབ་ཁང་ནང་ཕེབས་པས།  སློབ་མ་ཡོངས་ཀྱིས་དགའ་བསུ་ཆེན་པོ་ཞུས་ཡོད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།