སེམས་ཀྱི་ཉི་ཟླ།

རྩོམ་པ་པོ།   དུས་ཚོད།   2018-10-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

སེམས་ཀྱི་ཉི་ཟླ་གངས་རིའི་འོད་ཐིག་ཅིག

མངོན་པ་གསལ་བའི་གྲུབ་གཟུགས་ཀྲོང་ངེར་འགྱིང་།

ལས་ཀྱི་རྨུ་ཐག་བརྐོས་པའི་རི་མོའི་འཇའ་ཚོན།

ང་ལ་བཏང་བའི་གསེར་གྱི་ལྷ་དར་རིང་བོ་ཡིན།

ཁ་བ་གངས་ཅན་བོད་པའི་སྙན་ངག་དཀར་བོ།

འབྲོང་གི་རྭ་བར་ཚུད་པའི་ལོ་རྒྱུས་རིང་བོ་ཞིག

གྱི་ལང་རྨུག་སྒྲའི་རྡོག་འགྲོས་བར་ན་འཁྱུག་པའི་མེ་དཔུང་ཡིན།

ནམ་མཁའི་དབྱངས་སུ་བཏེགས་པའི་སྐར་རྒྱན།

སྙན་ངག་པ་ཞིག་གི་མགྲིན་པ་ལས་བརྡོལ་བའི་གབ་ཚིག

སུ་ཞིག་གིས་རྣོ་ངར་ལ་འཇུས་ནས་གཙབ་པར་བྱས་ཐུབ།

ལོ་ཟླ་ཧྲིལ་བོ། ཡང་ན་ཟླ་བ་ཁ་ཤས་ནང་དུ།

མཁྱེན་པར་ནུས་ཏེ་ནམ་འཕང་གི་གཤོག་པ་ཐོགས་སྲིད་དམ།

ཁྲུང་ཁྲུང་འཕུར་ནས་ཉིན་ཡུན་རིང་འགོར་སོང་།

ཁྱོད་དང་ང་། ད་དུང་།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།