རྔ་བའི་ལས་རིགས་སློབ་གླིང་གི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ།

རྩོམ་པ་པོ།   དུས་ཚོད།   2018-10-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           ཟླ་9པའི་ཚེས་30ཉིན་གྱི་སྔ་དྲོར། རྔ་བའི་ལས་རིགས་སློབ་གླིང་གི་སྒོ་བྱང་འགེལ་བའི་མཛད་སྒོ་མའོ་རྫོང་དུ་སྤེལ་ཤིང་། རང་ཁུལ་གྱི་ཁུལ་གཏོགས་གཞུང་བསྒྲུབ་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་སྒོ་བྱང་དངོས་སུ་བཀལ། དེས་རྔ་བའི་ལས་རིགས་སློབ་གསོ་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཞིག་ཏུ་སྤོས་པ་མཚོན་ཡོད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་མཛད་སྒོར་ཞུགས་པ་དང་རྔ་བའི་ལས་རིགས་སློབ་གླིང་ལ་སྒོ་བྱང་བཀལ་བའོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།