སྐྱ་མིའི་སྒྲོག་འགྲེལ་བས་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས།

རྩོམ་པ་པོ།   དུས་ཚོད།   2018-10-10   རྩོམ་ཁུངས།    རྔ་བ་བོད་སྐད་བརྙན་འཕྲིན།

      མཛོད་དགེ་རྫོང་གིས་ཞིང་ཆེན་དང་ཁུལ་ཨུ། རྫོང་ཨུ་བཅས་ཀྱི་འབྲེལ་ཡོད་དགོངས་དོན་ལྟར། རྫོང་དྲིལ་སྒྲོག་པུའུ་ཡིས་སྐྱ་མིའི་སྒྲོག་འགྲེལ་ཚན་ཆུང་རྩ་འཛུགས་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་གནང་།

        སྒྲོག་འགྲེལ་གྱི་ཡུལ་དངོས་སུ་སྒྲོག་འགྲེལ་མི་སྣ་དག་གིས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་གོ་བདེ་བའི་སྒོ་ནས། དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་གནང་། འདི་ལྟ་བུའི་སྒྲོག་འགྲེལ་བྱ་འགུལ་བརྒྱུད་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་དམངས་ཕན་སྲིད་ཇུས་བཟང་པོའི་དགེ་མཚན་ཤེས་སུ་བཅུག

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།