བྱེད་ཐབས་བཟང་བོས་རོང་འབྲོག་མང་ཚོགས་ཀྱི་མཚན་མོའི་སློབ་གྲྭ་གཉེར་བ།

རྩོམ་པ་པོ།   དུས་ཚོད།   2018-10-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             རོང་འབྲོག་མང་ཚོགས་ཀྱི་ལས་ཞོར་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་།  རོང་འབྲོག་མང་ཚོགས་ཀྱི་དབུལ་བྲལ་ཕྱུག་འགྱུར་གྱི་ནུས་པ་ཆེ་རུ་གཏོང་བ།  ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་སྐྱེད་གཏོང་ཆེད།  ཉེ་བའི་ལོ་ཤས་རིང་། འཛམ་ཐང་རྫོང་གིས་བྱེད་ཐབས་མང་བོས་རོང་འབྲོག་མང་ཚོགས་ཀྱི་མཚན་མོའི་སློབ་གྲྭ་གཉེར་ཏེ་དབུལ་བྲལ་གནད་སྒྲོལ་ལ་རམ་འདེགས་བྱས།

             དགེ་རྒན་བཟང་བོ་ཞིག་ཡོད་པར་འགན་ལེན་བྱས།  རྫོང་ཡོངས་ཀྱི་གྲོང་སྡེ (སྡེ་ཁུལ )63གྱིས་གཏན་འཇགས་དང་ཆེད་དུ་གདན་འདྲེན་བྱེད་པའི་བྱེད་ཐབས་ལས་རོང་འབྲོང་མང་ཚོགས་ཀྱི་མཚན་མོའི་སློབ་གྲྭར་དགེ་རྒན་བཟང་བོ་བཀོད་སྒྲིག་བྱས་ནས།  གྲོང་སྡོད་ལས་ཀའི་ཚོ་ཆུང་གི་ཙུའུ་ཀྲང་དང་ཧྲུའུ་ཅི་དང་བོ་སློབ་གཙོ་བདམས་པ་དང་།  གྲོང་སྡོད་ལས་ཀའི་རུ་ཁག་དང་།  གྲོང་སྡེའི་ལས་བྱེད་པ།  ཕྱུག་འགྱུར་སྣེ་ཁྲིད་པའི་ཁྲོད་ནས་མཚན་མོའི་སློབ་གྲྭར་དགེ་རྒན200ལྷག་འདེམས་སྒྲིག་བྱས།  འཆད་ཁྲིད་དགེ་རྒན་དཔུང་ཁག་བཙུགས་ནས་དུས་བཅད་དང་གནས་གཏན་དུ་རོང་འབྲོག་མང་ཚོགས་ལ་སློབ་ཁྲིད་གནང་།     དུས་གཏན་དུ་ཞིང་ལས་དང་ཕྱུགས་ལས་སོགས་ཀྱི་སྡེ་ཁག་ནས་ལག་རྩལ་རྐང་འཛིན་པ་ཆེད་དུ་གདན་འདྲེན་ཞུས་ནས་ཞིང་ཁར་ཕྱིན་ནས་ལག་རྩལ་འཛུམ་ཁྲིད་བྱས་པ་དང་།       རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ཐབས་ལམ་ལ་སློབ་ཁྲིད་དང་དྲི་བར་ལན་བཏབ།

             སྤྲོ་བ་མཐོར་འདེགས་བྱ་རྒྱུ་ནི་གནད་འགག་ཡིན།  འཆད་ཁྲིད་དགེ་རྒན་དཔུང་ཁག་གིས་བོད་རྒྱ་སྐད་གཉིས་ཀྱིས་ཏང་གི་ཞིང་ཕན་སྲིད་ཇུས་དང་དབུལ་བྲལ་ཕྱུག་འགྱུར་ཐད་ཀྱི་ལག་རྩལ་སོགས་གཙོ་གནད་སློབ་ཁྲིད་བྱས་ཏེ།  མཚན་མོའི་སློབ་གྲྭ་ནས་སློབ་ཁྲིད་དང་དུད་ཚང་དུ་བསྐྱོད་དེ་དྲིལ་སྒྲོག་བྱེད་པ།  དགོད་བྲོའི་བྱེད་སྒོ་དང་བྱ་དགའ་ཡོད་པའི་དྲི་བ་སོགས་ཀྱི་བྱེད་ཐབས་སྤེལ་ནས།  རོང་འབྲོག་མང་ཚོགས་ལ་བྱེད་སྒོར་ཞུགས་རྒྱུར་དགའ་བ་དང་དེའི་ནང་ནས་སློབ་སྦྱོང་བྱ་ཐུབ་པ་དང་། བྱེད་སྒོ་སྤྲོ་སྐྱིད་མྱོང་ཐུབ་པ།  རོང་འབྲོག་མང་ཚོགས་ཀྱི་བྱེད་སྒོར་ཞུགས་པའི་ཧུར་བརྩོན་རང་བཞིན་ཇེ་མཐོར་བཏང་།

             དོན་དངོས་ལག་ལེན་ལ་གྲུབ་འབྲས་མངོན་གསལ་ཐོབ།  རྫོང་ཡོངས་ཀྱི་ཏང་ཡོན1525དང་རོང་འབྲོག་མང་ཚོགས་བར་འབྲེལ་བ་བྱས་ནས།  གང་ལེགས་ཀྱིས་རྒྱུན་པར་མཚན་མོའི་སློབ་གྲྭ་ནས་སློབ་པའི་ཤེས་བྱ་དང་དངོས་སྒྲུབ་བེད་སྤྱོད་བྱས་ནས།  གང་ལེགས་ཀྱིས་གནས་བབ་ཀྱི་ལེགས་ཆ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་སྐྱེད་བཏང་ཏེ།ཁྱད་ཆོས་ལྡན་པའི་ཞིང་ལས་ཡོང་འབབ་འཕར་ཡོང་བར་སྐུལ་འདེད་བཏང་བ་དང་། དབུལ་སྐྱོར་གནད་འཁེལ་ལས་ཀར་གྲུབ་འབྲས་བཟང་བོར་ཐོབ་པར་རམ་འདེགས་བྱས་སོ།།      

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།