སྟོན་ཁའི་ཧུང་ཡོན་རྩྭ་ཐང་ནི་མཛེས་སྡུག་གིས་ཁེངས་ཡོད།

རྩོམ་པ་པོ།   དུས་ཚོད།   2018-09-30   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                རྒྱལ་སྟོན་གྱི་སྐབས་འདིར།  ཕྱི་རོལ་དུ་སྤྲོ་གསེང་འགྲོ་བར་ཧ་ཅང་འཚམས་པ་རེད།  ཆེས་མཛེས་པའི་ཡུལ་ལྗོངས་གཟིགས་ཐུབ་པར་མ་ཟད། ཁྱིམ་མི་དང་ལྷན་འཛོམས་ཀྱང་བྱ་ཐུབ།  རྒྱལ་སྟོན་གྱི་སྐབས་སུ་གང་ལ་འགྲོའམ། རྩོམ་སྒྲིག་པས་གཤམ་དུ་ཁྱོད་ལ་དམར་དམག་རྒྱང་སྐྱོད་བྱས་མྱོང་བའི་ཧུང་ཡོན་རྩྭ་ཐང་ཆེན་མོ་འོས་སྦྱོར་བྱའོ།  ཧུང་ཡོན་རྩྭ་ཐང་ཆེན་མོ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་ཡང་དཀྱིལ་དུ་ཡོད་པ་དང་།  གཟི་རྩྭ་སྡེ་དགུ་དང་།  གསེར་མཚོ།  རི་བོ་སྐུ་བླ།  རྨ་ཁུག་དང་བོ།  མྱག་ལོ་མཛེས་ལྗོངས་ཁུལ་སོགས་དང་འབྲེལ་བ་དང་།  ཧུང་ཡོན་ནས་ཁྲེང་ཏུའུ་བར་དུ་སྤྱི་ལེ450ཡི་ལམ་ཐག་ཡོད། 

               དམར་དམག་རྒྱང་སྐྱོད་བྱས་མྱོང་བས་མཚན་སྙན་འཛམ་གླིང་གང་སར་ཁྱབ་པ་དང་།  རྒྱལ་ཡོངས་ཀྱི་རང་འགུལ་ལྗོངས་སྐོར་ཆེས་ལེགས་པའི་དམིགས་ཡུལ་ས་གནས་ཡིན་པར་མ་ཟད།  རྒྱལ་ཡོངས་ཀྱི་སྒེར་འཁོར་ལྗོངས་སྐོར་གྱི་རྫོང་དང་བོ་ཡིན་ཟེར་བ།  

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།