ལུ་གུ་ཆུང་ཆུང་།

རྩོམ་པ་པོ།   དུས་ཚོད།   2018-09-25   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


ལྗང་མདོག་ཐར་ཐོར་དུ་མངོན་པའི་དཔྱིད་ཀ་དེ་ལྟར་སླེབས་འོང་དུས།

ཉི་འོད་ཀྲིག་ཀྲིག་ཏུ་འཚེར་བའི་གུང་ཚིགས་ལ།

ང་ཚོ་ལམ་ཆུང་བརྒྱུད་ནས་སློབ་གྲྭར་སོང་བ་ཡིན།

ང་ནི་བསམ་ཤེས་མ་ཆགས་གོང་ནས་སློབ་གྲྭར་སོང་བས།

ང་དང་སྡེ་དཀྱིལ་གྱི་སློབ་གྲྭ་དེའི་བར་ན་དྲན་པ་མང་པོ་ཞིག་མེད།

མ་ཟད་ངས་རང་ཉིད་ཀྱང་ངོ་ཤེས་ཐུབ་ཀྱིན་མེད་པས།

ངས་རྩེད་གྲོགས་མང་པོ་ཞིག་ཀྱང་དྲན་ཐུབ་ཀྱི་མེད།

ཡིན་ཡང་ང་རང་དེ་ལྟར་མུ་མཐུད་དུ་སློབ་གྲྭར་སོང་བ་ཡིན།

ལྗང་མདོག་ཐར་ཐོར་དུ་མངོན་པའི་དུས་ཚིགས་དེར།

སྡོང་མགོ་རུ་ལུ་གུ་ཆུང་ཆུང་མང་པོ་ཞིག་བཙའ་བ་རེད།

ནམ་རྒྱུན་སློབ་གྲྭར་འགྲོ་དུས་དང་ཡུལ་ལ་ལོག་སྐབས།

ང་ཚོས་དེ་ཉིད་ཆེན་པོ་ལོག་པར་རེ་ལྟོས་བྱེད་པ་ཡིན།

དུས་ཚོད་ག་ཙམ་འགོར་བ་མ་ཤེས་ཀྱང་།

སྡོང་མགོའི་ལུ་གུ་དེ་དག་སྨིན་ནས་ཆེན་པོར་གྱུར་དུས།

ང་ཚོས་བཏོག་ནས་གསེང་གི་མངར་འཇུབ་པ་ཡིན།

མངར་རྙེད་པའི་འཛུམ་དམུལ་དེའང་།

དེ་དུས་ཀྱི་གྲོགས་པོ་དེ་ཚོའི་ཡིད་དུ་ཡོད་ངེས།

མི་ལོ་མང་པོ་ཞིག་འགོར་བའི་དེ་རིང་ལ།

ངས་གློ་བུར་དུ་ཡིད་ལ།

ད་ཡང་ལུ་གུ་དེ་དག་བཙའ་བའི་དུས་ལ་ཐོན་ཡོད་སྙམ།

ལུ་གུ་ཆུང་ཆུང་དེ།

རྒྱ་ལྕང་མགོར་སྐྱེས་ཡོད་པས།

ངས་སླར་ཡང་ཕ་ཡུལ་གྱི་རྒྱ་ལྕང་དེ་དག་དྲན།

རྒྱང་རིང་ཡུལ་གྱི་རང་ཉིད་ཀྱི་འགྲོ་འདུག་ས་ནས་ཀྱང་།

དེ་དག་རེ་རེ་བཞིན་མཐོང་ཐུབ་ན་བསམ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།