འདང་།

རྩོམ་པ་པོ།   ནས་ཆང་།དུས་ཚོད།   2018-09-25   རྩོམ་ཁུངས།    རྔ་བའི་ཉིན་རེའི་ཚགས་པར།

ཁྱོད་ཡོད་སའི་གནས་དེ་རུ།

ངའི་གཤོག་པ་ཐོགས་པའི།

གཞས་ཀྱི་དར་སྐུད་གཙང་བོའི་ཕ་རོལ་ལ་མདུད་ཡོད།

དེ་ནི་འུ་གཉིས་ཀྱི་འཚོ་བའི་གཡང་རྟེན་ཡིན།

ལས་ཀྱི་རྨུ་ཐག་དཀར་དཀར་ཡིན།

ཡིད་ཀྱི་མཚོ་ངོས་སུ་དོད་པའི།

གཡུང་དྲུང་གི་རི་མོ་ལྷུན་ཆགས་ཡིན།

ང་ཡི་སྐྲ་ལོ་འདི་དབྱར་ཟླ་དྲུག་པའི་ལྗོན་པ་དང་འདྲ་བར།

དྭངས་གཙང་ངང་བཞད་དེ་དྭངས་གཙང་ངང་རྒས་ཆོག

ཁྱོད་ནི་ང་ཡི་སྤང་ཐང་ལ་འཚོས་པའི་ལུག་མིག་མེ་ཏོག་སྟེ།

མཐའ་རིང་བའི་ཉི་འོད་ཅིག་དང་ཅིས་མི་འདྲ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།