ཐལ་མོ་སྦྱར་བའི་སྲོལ།

རྩོམ་པ་པོ།   དུས་ཚོད།   2018-09-06   རྩོམ་ཁུངས།    བོད་རིག་གནས་སྤྱི་སྟེགས

            བོད་མིར་ལག་པ་གཉིས་ཀྱི་ཐལ་མོ་སྦྱར་བའི་སྲོལ་ཞིག་ཡོད།  དེའང་དགོན་པ་དང་ལྷ་ཁང་སོགས་ལ་ཆོས་མཇལ་ཞུ་སྐབས་ལྷ་སྐུ་རྟེན་གསུམ་གྱི་མདུན་དུ་ལག་པ་གཉིས་ཐལ་མོ་སྦྱར་ཏེ་གསོལ་བ་སྨོན་ལམ་འདེབས་པ་དང་། རང་ལས་མཐོ་བའི་མི་དང་འཕྲད་སྐབས་ལག་གཉིས་ཐལ་མོ་སྦྱར་བའི་ཕྱག་རྒྱ་སྟེ་གུས་བཀུར་ཞུ་བའི་ཉམས་ཡིན། ལག་གཉིས་ཐལ་མོ་སྦྱར་བའི་ཚུལ་དེའི་གོ་དོན་ནི་སྙིང་ཐག་པ་ནས་དད་སེམས་ཞུ་བ་མཚོན་པར་བྱེད་པ་དང་། གཞན་ལ་གུས་བཀུར་གྱི་ཉམས་ཀྱང་མཚོན་པར་བྱེད་པ་དང་། ཡང་དེ་ལས་ལྡོག་སྟེ་ལག་པ་ཡ་གཅིག་གིས་མཛུབ་མོ་ལྔ་ཀ་རུབ་ཀྱིས་སྟོན་སྲོལ་ཞིག་ཡོད་པས་དེ་ནི། ཁ་ཚུམས་ཁྱོད་ལ་ཇུས་གཏོགས་མེད། ཅེས་གུས་ཞབས་གཏན་ནས་མེད་པའི་ངང་ནས་མི་གཞན་ལ་འཕྱ་དམོད་བྱེད་པ་ཞིག་ཡིན། །

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།