སློབ་པའི་དུས་ན་གྲིམ་ཤེས་དང་རྩེད་པའི་དུས་ན་རྩེད་ཤེས་བྱ་དགོས།

རྩོམ་པ་པོ།   རུ་མང་ཀླུ་མཁར་རྒྱལདུས་ཚོད།   2018-09-04   རྩོམ་ཁུངས།    རྔ་བའི་གསར་འགྱུར་ཚགས་པར།

             སློབ་པའི་དུས་ན་གྲིམ་ཤེས་དང་རྩེད་པའི་དུས་ན་རྩེད་ཤེས་བྱ་དགོས”ཞེས་པ་འདི་ནི་ཧ་ཝར་ཊི་ན་ སྙན་གྲགས་ཧ་ཅང་ཆེ་བའི་གཏམ་ཞིག་ཡིན། གཏམ་འདིས་སློབ་མ་ཚོར་སློབ་སྦྱོང་བྱེད་པའམ་རྩེད་མོ་རྩེ་བ་གང་ཡིན་ཡང་སྐར་མ་རེ་རེ་དང་སྐར་ཆ་རེ་རེ་གང་ལེགས་ཀྱིས་བེད་སྤྱོད་དགོས་པ་བསྟན་ཡོད། བྱ་བ་གང་ཞིག་བྱེད་ཀྱང་ནུས་ཤུགས་ཡོད་དགུ་རྩལ་དུ་སྤྲུགས་ཤིང་སེམས་ཤུགས་གཅིག་ཏུ་བསྒྲིལ་ན་ད་གཟོད་འགྲོས་མྱུར་ཞིང་ལས་ཕྱོད་མཐོ་བའི་ངང་ལས་འགན་ཡོངས་འགྲུབ་བྱེད་ཐུབ། བསྒྲུབ་དགོས་པའི་དོན་དག་ཡོད་ཚད་འགྲུབ་ཚར་དུས་ངལ་དུབ་ཀྱིས་མནར་བའི་ལུས་སེམས་ལྷོད་ལྷོད་ཅིག་བྱས་ནས་རང་ཉིད་ལ་ངལ་གསོའི་དུས་སྐབས་ཤིག་སྤྲོད་དགོས་པ་དང་རང་ཉིད་ལྷོད་ཡངས་གང་ལེགས་བྱེད་ཐུབ་པའི་ལས་ལ་འཇུག་དགོས། འདི་ལྟར་བྱས་ན་ལུས་སེམས་གཉིས་ཀ་ལྷོད་ཡངས་བྱེད་ཐུབ་པར་མ་ཟད་རང་ཉིད་ལའང་དགའ་སྤྲོའི་སྣང་བ་ཞིག་སྦྱིན་ཐུབ།

            ཧ་ཝར་ཊིར་ཕྱིན་ནས་སློབ་སྦྱོང་བྱེད་ཐུབ་པ་དེས“བདེ་བའི་ཞིང་ཁམས”སུ་འབྱོར་སོང་བ་མཚོན་པ་མ་ཡིན་པར་སྐད་ཅིག་དེ་ཉིད་དུ“དམྱལ་ཁམས”སུ་ལྷུང་བ་ལྟ་བུ་ཞིག་ཡིན། ཧ་ཝར་ཊི་ནས་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཐམས་ཅད་ཀྱིས་གནོན་ཤུགས་དྲག་པོར་གདོང་གཏད་ཡོད་ཅིང་ལས་རིགས་བར་གྱི་འགྲན་རྩོད་ཡང་ཧ་ལམ“གདུག་རྩུབ”ཅེས་པའི་མིང་འདིས་མཚོན་ཆོག་པ་ཡིན། དེ་ནི་རང་རྒྱུད་ཀྱི་མཐར་ཐུག་གི་ནུས་པར་ཅོ་འདྲི་བྱེད་པ་ཞིག་ཡིན་ཞིང་རྒྱུགས་འབྲས་གཟེངས་སུ་ཐོན་པའི་ཧ་ཝར་ཊི་ཚོང་ལས་སློབ་གླིང་དུ་མངོན་སྟངས་འདི་དེ་ལས་ཀྱང་དྲག་པོ་ཡིན།

         ཧ་ཝར་ཊི་ཚོང་ལས་སློབ་གླིང་གིས་སྤྱོད་པའི་སློབ་ཡུན་ནི་ལོ་གཉིས་ལམ་ལུགས་ཡིན། སློབ་སྐབས་དང་པོར་སློབ་མའི་ཁྲིད་ཚན་གྱི་བཀོད་སྒྲིག་ཧ་ཅང་ལྕི་ཞིང་སྦྱངས་བྱ་གཙོ་བོའི་ཁྲིད་ཚན་སྣ༡༡ཡོད། སློབ་གྲྭས་སློབ་རིམ་དང་པོའི་སློབ་མའི་སྐར་གྲངས་ཁྲོད་དུ་ཆེས་ཉུང་ཡང་སྐར་གྲངས“ལེགས་པོ“༡༠དགོས་པ་གཏན་ལ་ཕབ་ཡོད། གལ་ཏེ་སྐར་གྲངས་ཀྱི་ཁྲོད་དུ“ཚད་ལོངས“པའམ“ཚད་མ་ལོངས་པ“ཅན༨ལས་བརྒལ་ཚེ་སློབ་མ་འདི་དག“གཟེབ“ནང་དུ་ཚུད་སྲིད་པ་ཡིན། ཁོ་ཚོ་ཐད་ཀར་དུ་སློབ་རིམ་གཉིས་པར་འཕར་ཐུབ་མིན་དེ་སློབ་མས་སྐར་གྲངས་ཨུ་ཡོན་ལྷན་ཚོགས་ལ་རེ་འདུན་ཞུ་ཡིག་སྤྲོད་དགོས་པ་ཡིན། སྐར་གྲངས་ཨུ་ཡོན་ལྷན་ཚོགས་ཀྱིས་སློབ་མའི་རེ་འདུན་དང“གཟེབ“ཏུ་ཚུད་པའི་རྒྱུ་རྐྱེན། སློབ་དཔོན་གྱི་དཔྱད་འཇོག་སོགས་ལ་གཞིགས་ཏེ་ཐག་གིས་གཅོད། རེ་ཞུར་ཆོག་མཆན་ཐོབ་པའི་སློབ་མས་མུ་མཐུད་དུ་སློབ་སྤར་བྱས་ཆོག་པ་དང་ཆོག་མཆན་མ་ཐོབ་པའི་སློབ་མ་སློབ་གྲྭ་ནས་ཕྱིར་འབུད་དགོས། འོན་ཀྱང་ཕྱིར་བུད་པའི་སློབ་མ་འདི་དག་གིས་བསྐྱར་དུ་ཧ་ཝར་ཊི་གཙུག་ལག་སློབ་ཆེན་འགྲིམ་པའི་རེ་ཞུ་སྤྲོད་དབང་ཡོད།

        དོན་དངོས་ཐོག་ལོ་རེར“གཟེབ“ཏུ་ཚུད་པའི་མི་གྲངས་སྤྱིར་བཏང་དུ༥ལས་ཉུང་བ་ཡིན། འོན་ཀྱང་འདིས་མི་སུ་ཡིན་ཡང་གཟེབ་ཏུ་ཚུད་པའི་རྐྱེན་གྱིས་སློབ་གྲྭར་ཁ་འབྲལ་མི་སྲིད་པ་མིན་ཏེ་མི༥ཙམ་ཕྱིར་ཕུད་པའི་འཇིགས་སྐུལ་གྱི་ཐབས་འདིར་སྔར་བཞིན་ཟིལ་ཤུགས་དྲག་པོ་ལྡན་ཡོད། སྐར་མའི་དཔྱད་འཇོག་ནི་སློབ་རིམ་ཧྲིལ་བོའི་ཁྱབ་ཁོངས་ནས་དབྱེ་ཞིང་འཛིན་གྲྭའི་ནང་བརྒྱ་ཆའི་བསྡུར་གྱི་ཚུལ་དུ་དབྱེ་བགོ་བྱེད་ངེས། མཛུབ་གུ་ལྔ་ལ་རིང་ཐུང་ཡོད་པ་ནང་བཞིན་ཚོགས་པ་གང་ཞིག་ཡིན་ཡང་བཟང་ངན་གྱི་དབྱེ་བ་འབྱེད་རྒྱུ་ཡོད་སྲིད་པས་སློབ་མ་ཚོས་གདོང་གཏོད་དགོས་པའི་འགྲན་རྩོད་ནི་དུས་དང་རྣམ་པ་ཀུན་ཏུ་གནས་པ་ཡིན། གདུག་རྩུབ་ཆེ་བའི་འགྲན་རྩོད་ཀྱི་ཁྲོད་དུ་རྗེས་ལུས་ཀྱི་རྣམ་པ་མི་འབྱུང་ཆེད་སློབ་མ་གང་མང་ཞིག་གིས་ཉིན་རྒྱུན་སློབ་སྦྱོང་བྱས་པའི་དུས་ཡུན་ནི་ཆུ་ཚོད༡༣བརྒལ་ཡོད་ཅིང་ཆེས་མང་དུས་ཆུ་ཚོད༡༨ལ་སོན་ཡོད། ཁོ་ཚོ་ཐོ་རངས་ཆུ་ཚོད་གཅིག་གཉིས་ནས་ངལ་གསོས་ཀྱང་ཐོ་རངས་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སློབ་ཁྲིད་ཀྱི་རྗེས་ཆོད་དགོས་པས་ཉིན་རྒྱུན་དུ་ཀླད་ཆེན་ཧ་ཅང་ཐང་ཆད་ཡོད་ཅེས་བཤད་ཆོག

       ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཚོང་ལས་སློབ་གླིང་གིས་སྤྱོད་པའི་སློབ་སྦྱོང་གྲུབ་རྐྱེན་ནི་རྒྱུན་མི་ཆད་པར་སློབ་མ་ཚོར་གནོན་ཤུགས་སྟེར་བ་དེ་ཡིན། སློབ་གླིང་གིས་སློབ་མའི་སྐར་གྲངས་གཏན་ཕབ་བྱེད་དུས་ཕྱོགས་གཙོ་བོ་གཉིས་འཛིན་ཏེ། ཕྱོགས་གཅིག་ནི་སློབ་མའི་སློབ་ཁྲིད་སྟེང་གི་གཏམ་བཤད་ནུས་པ་དང་ཕྱོགས་གཞན་ཞིག་ནི་མཇུག་རྒྱུགས་ཀྱི་སྐར་གྲངས་ཡིན། སློབ་མ་ཚོར་ནམ་ཡང་ཡིག་ངོས་ཀྱི་ལས་བྱ་མེད། སློབ་མས་ཕུལ་བྱུང་གི་སྐར་གྲངས་ཐོབ་ཆེད་སློབ་ཁྲིད་མ་བྱས་པའི་སྔོན་དུ་དུས་ཚོད་ཡུན་རིང་སྤྱད་དེ་གྲབས་སྦྱོང་དང་སྟ་གོན་བྱེད་སྲིད་པས་ཁོ་ཚོས་སློབ་ཁྲིད་སྟེང་དུ་གཏམ་བཤད་པ་ཧ་ཅང་བཟང་།

ཧ་ཝར་ཊི་སློབ་ཆེན་ཚོང་ལས་སློབ་གླིང་གི་སློབ་མས་གྲབས་སྦྱོང་ནི་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་བ་ཡིན། གྲབས་སྦྱོང་གི་བཟང་ངན་གྱིས་ཉིན་གཉིས་པའམ་ཐུན་རྗེས་མའི་སློབ་ཁྲིད་སྟེང་སྤུས་དག་གི་གཏམ་བཤད་ཅིག་སྤེལ་ཐུབ་མིན་ཐག་གིས་གཅོད། དེའི་ཕྱིར། སློབ་ཁྲིད་ཀྱི་སྔོན་དུ་ཁོ་ཚོ་དཔེ་མཛོད་ཁང་དུ་བརྫངས་ཏེ་ཧུར་ཐག་གིས་རྒྱུ་ཆ་འཚོལ་བསྡུ་དང་དག་སྒྲིག་བྱེད་པ་ཡིན། ཉིན་གཉིས་པའི་སྔ་དྲོར། སློབ་མ་ཚོས་རང་ཉིད་ཀྱི་འབད་བརྩོན་ཆེན་པོའི་བསམ་གཞིག་བྱས་པ་ལས་ཐོབ་པའི་ཇུས་གཞི་བསྣམས་ཏེ་སློབ་ཁྲིད་ལ་ཞུགས་དགོས།

      སློབ་ཁྲིད་མ་བྱས་པའི་སྔོན་རེ་རེར་སློབ་དཔོན་གྱིས་སློབ་ཁང་ནང་དུ་མིག་སྐོར་ཐེངས་ཤིག་བྱས་ཏེ་གཏམ་བཤད་མཁན་དང་པོ་འཚོལ་བ་ཡིན། སྐབས་ཐོག་འདིར་སློབ་ཁང་ནང་འཇིགས་སྣང་གིས་ཁེངས་ཏེ་མི་རེ་རེའི་སྙིང་ལྡིང་ནས་གྲེ་བའི་ཁར་ཐོན་ཡོད། གལ་ཏེ་སློབ་དཔོན་གྱིས་མིང་ནས་བོས་པའི་སློབ་མས་གྲབས་སྒྲིག་བྱས་པ་མ་འདང་བརpassལ་བདམས་ན་ལས་མ་བཟང་བ་ཡིན།

      ཚོང་ལས་སློབ་གླིང་གི་སྐར་འགོད་ལམ་སྲོལ་ནི་སློབ་ཁང་ནང་གི་གཏམ་བཤད་ཁྲོདpassཐེངས་གཅིག་བདམས་ཚེ་སྐར་གྲངས་རིམ་པ་གཅིག་གིས་མར་ལྷུང་བ་ཡིན། passཐེངས་གཉིས་ལ་བདམས་རྗེས་སློབ་སྐར་ཐོབ་མི་སྲིད། passཡི་གྲངས་ཀ་ཐེངས་གསུམ་ལས་བརྒལ་ཚེ་སློབ་སྐར་ཤོར་བར་མ་ཟད་སློབ་གྲྭའི་ཕྱོགས་ནས་སློབ་མ་དེའི་རྣམ་འགྱུར་མི་ལེགས་པའི་ཉེན་བརྡ་གཏོང་སྲིད།གལ་ཏེ་གནས་ཚུལ་ཚབས་ཆེན་ཡིན་ན་སློབ་གྲྭ་ནས་ཕྱིར་འཕུད་དགོས་པའི་བཀའ་བཙན་པོ་འབེབས་ཀྱང་སྲིད།

      ང་ཚོས་ཧ་ཝར་ཊི་གཙུག་ལག་སློབ་ཆེན་ནི་གདུག་རྩུབ་ཤིན་ཏུ་ཆེ་བའི“དམྱལ་ཁམས”ཤིག་ཡིན་པ་མཐོང་བྱུང་། དེའི་འགྲན་རྩོད་ནི་དུས་དང་རྣམ་པ་ཀུན་ཏུ་གནས་ཤིང་ནམ་ཡང་ཚད་མཐོའི་བྲེལ་ཟིང་དང་ངལ་དུབ་ཀྱི་ཁྲོད་དུ་གནས། ཡིན་ཡང་སློབ་སྦྱོང་བྱེད་ཚད་དེ་འདྲའི་ཆེ་བའི་ཧ་ཝར་ཊི་གཙུག་ལག་སློབ་ཆེན་དུ་སློབ་མ་ཚོར་སློབ་སྦྱོང་གི་གནོན་ཤུགས་ཆེན་པོ་ཡོད་ཀྱང་སློབ་གྲྭས་དུས་ཚོད་ཡོད་ཚད་སློབ་སྦྱོང་སྟེང་སྤྱོད་དུ་མི་འཇུག སློབ་གྲྭའི་ངོས་འཛིན་ལྟར་ན་སློབ་མས་སློབ་སྦྱོང་བྱེད་དུས་ནུས་ཤུགས་གང་ཡོད་འདོན་དགོས་ཀྱང་རྩེད་མོ་ཡང་རྩེད་དགོས་པའི་གལ་ཆེན་རང་བཞིན་ལ་སྣང་འཇོག་བྱེད། ཧ་ཝར་ཊིའི་སློབ་མ་ཚོའི་བསམ་པར་སློབ་གྲྭས་བཀོད་སྒྲིག་བྱས་པའི་ལྷག་ལུས་ཀྱི་འཚོ་བ་ནི་ཁྲིད་ཚན་གྱི་སློབ་སྦྱོང་ལ་བསྟིམས་མེད། སློབ་གྲྭས་འོས་འཚམ་གྱི་སློབ་ཕྱིའི་བྱ་འགུལ་ཁ་ཤས་བཀོད་སྒྲིག་བྱས་ན་སློབ་གསོའི་འགན་འཁྲི་དང་རྒྱབ་འགལ་དུ་སོང་མེད་པར་མ་ཟད་བྱ་འགུལ་དེ་དག་ནི་སློབ་གསོའི་འགན་འཁྲི་ལ་འདོན་སྤྲོད་བྱས་པའི་རམ་འདེགས་རིགས་ཤིག་ཡིན་པ་རྟོགས་ཡོད། དེའི་ཕྱིར་ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱིས་ཀྱང་རྩེད་ན་རྩེད་ཤེས་བྱེད་པར་སྐུལ་ངེས། 

      ཧ་ཝར་ཊི་ནས་སློབ་མ་ཚོས་སློབ་སྦྱོང་ལ་སེམས་ཤུགས་ཐམས་ཅད་འདོན་པར་མ་ཟད་ལྷག་ལུས་དུས་ཚོད་ནང་ཧུར་ཐག་གིས་སློབ་གྲྭས་རྩ་འཛུགས་བྱས་པའི་བྱ་འགུལ་ཁྲོད་དུ་ཞུགས་སྲིད་པ་ཡིན་ཏེ། དཔེར་ན་རོལ་དབྱངས་ཆེད་ཚོགས་དང་ཟློས་གར་འཁྲབ་སྦྱོང་།བྲོ་གར་འཁྲབ་སྟོན། དེ་བཞིན་སྒྱུ་རྩལ་འགྲེམ་སྟོན་སོགས་ཡོད། དེ་ཙམ་ཡང་མ་ཡིན་པར་ཧ་ཝར་ཏིསས་ལོ་རེར་སྒྱུ་རྩལ་དུས་ཆེན་སྤེལ་སྲིད་པ་དང་དེས་ནུས་ཤུགས་ཆེན་པོས་སློབ་མ་ཚོའི་སློབ་གསེང་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། སྒྱུ་རྩལ་གྱི་ཉམས་ཀྱིས་ཕྱུག་པའི་བྱ་འགུལ་གྱི་ཁྲོད་དུ་སློབ་མ་ཚོར་སྒྱུ་རྩལ་གྱི་བག་ཆགས་བཟང་པོ་དང་སློབ་གསོ་ཐེབས་ཤིང་ཞོར་དུ་ཁོ་ཚོའི་མཛེས་དཔྱོད་ལྟ་བ་དང་སྒྱུ་རྩལ་བློ་སྦྱོང་ཡང་སྔར་ལས་ལྷག་པའི་སྒོ་ནས་ཆེར་བསྐྱེད་བྱུང་།

      ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ལྟ་གྲུབ་ནི་སློབ་མས་རྗེས་ཕྱོགས་སུ་ངལ་རྩོལ་དང་ངལ་གསོ་ཟུང་དུ་འབྲེལ་ནས་བྲེལ་ཟིང་གི་བྱ་བ་ཞིག་འགྲུབ་རྗེས་གནས་སྐབས་སུ་ལྷོད་ལྷོད་བགྱིས་ཏེ་ལུས་སེམས་མཐའ་དག་ལྷོད་ཡངས་བྱེད་དགོས་པའི་རེ་བ་བཅངས་ཡོད། དོན་དངོས་ཀྱང་འདི་ལྟར་ཡིན། ང་ཚོས་ལྷོད་ཡངས་སྒོས་གང་བསམ་ཅི་དགའི་དུས་ཡུན་ངེས་ཅན་ཞིག་ལ་ངལ་གསོས་ན་ད་གཟོད་ང་ཚོའི་སེམས་ཤུགས་དང་ལུས་ཤུགས་མགྱོགས་མྱུར་ངང་སླར་གསོ་ཐུབ། འདིས་ང་ཚོ་འགྲན་རྩོད་དུ་ཞུགས་པའི་སྟོབས་ཤུགས་དང་སྒུལ་ཤུགས་ཤིག་བསྣན་ཡོད་པ་གདོན་མི་ཟ། དེའི་ཕྱིར། ང་ཚོ་མདུན་དུ་སྐྱོད་དུས་ཧུར་ཐག་གིས་སློབ་སྦྱོང་བྱེད་དགོས་པ་ལས་ཁྲལ་སེལ་སླ་བཅོས་བྱེད་མི་རུང་བར་མ་ཟད། རང་ཉིད་ལྷོད་ཡངས་འོས་འཚམ་བྱས་ཏེ་ངལ་རྩོལ་དང་ངལ་གསོ་ཟུང་དུ་འབྲེལ་དགོས།

རྩོམ་སྒྲིག་པ།  ཚེ་པེ།    གཡུ་འཛོམས།