ཡུན་ནན་མཱ་ལི་ཕའོ་རྫོང་ལ་ཆུ་ལོག་གི་གནོད་འཚེ་བྱུང་ནས་མི་5རྐྱེན་ལམ་དུ་ཤོར་བ་དང་མི་མང་པོ་གར་སོང་ཆ་མེད་དུ་གྱུར་འདུག

རྩོམ་པ་པོ།   དུས་ཚོད།   2018-09-04   རྩོམ་ཁུངས།    ཀྲུང་གོ་བོད་སྐད་གློག་འཕྲིན་དྲ་བ།

               ཡུན་ནན་ཞིང་ཆེན་ཝུན་ཧྲན་ཀྲོང་རིགས་མིའོ་རིགས་རང་སྐྱོང་ཁུལ་མཱ་ལི་ཕའོ་རྫོང་ཨུད་དྲིལ་བསྒྲགས་པུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་9ཚེས་2ཉིན་གྱི་ཐོ་རེངས་སུ། མཱ་ལི་ཕའོ་རྫོང་མེང་ཏང་ཞང་ལ་དྲག་ཆར་བབས་པས་ཆུ་ལོག་གི་གནོད་འཚེ་བྱུང་ནས། གྲོང་མི་ཁ་ཤས་ཀྱི་ཁང་པར་གཏོར་བརླག་ཐེབས་པ་དང། ཞང་དེའི་གློག་ཤུགས་དང་བརྡ་འཕྲིན་ཚང་མ་ཆད་ཅིང་། ལམ་མང་པོ་བརྡིབས་པ་དང། འགྲིམ་འགྲུལ་ཡང་ཆད་འདུག ཟླ་9ཚེས་2ཉིན་གྱི་ཆུ་ཚོད་17:00བར་དུ། ཆུ་ལོག་བྱུང་བ་ལས་མི་5རྐྱེན་ལམ་དུ་ཤོར་བ་དང་མི་5ལ་རྨས་སྐྱོན་ཕོག་པ། མི་མང་པོ་གར་སོང་ཆ་མེད་དུ་གྱུར་འདུག

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།