རང་ཞིང་གིས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་འཆར་གཞིའི་ལག་བསྟར་ཇུས་གཞི་བཀྲམ་པ།

གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱས་ནས།།ཁུལ་དང་གྲོང་ཁྱེར་སོ་སོས་དཔེ་སྟོན་རྫོང་རེ་གདམས་པ།

རྩོམ་པ་པོ།   དུས་ཚོད།   2018-09-04   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           ལེགས་བཅོས་ཀྱི་ནང་དོན། འཚོ་བའི་གད་སྙིགས་ལེགས་བཅོས་དང་། འཚོ་བའི་བཙོག་ཆུ་བཅོས་སྒྲིག གསང་སྤྱོད་ཁང་གི་སྒྱུར་བཀོད་དང་བྲུན་པ་གཙང་སེལ་བྱེད་པ། གྲོང་རྙིང་ལ་ལེགས་བཅོས་བྱེད་པ་དང་གྲོང་བའི་རྣམ་པ་ཇེ་ལེགས་སུ་སྒྱུར་བ། དོ་དམ་སྲུང་སྐྱོང་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་བཅས་ལྔ་ཡིན།

           མ་དངུལ་གཏོང་ཚད། ཆེད་སྤྱོད་མ་དངུལ་གྱི་འཆར་གཞི་དང་བསྡུ་ཐབས་གཏན་འབེབས་བྱས་ཏེ། རྫོང་དང་གྲོང་ཁྱེར་ལ་གཙོ་བོ་དང་། ཞིང་ཆེན་རིམ་པ་ནས་ཁ་གསབ་རོགས་དངུལ་འོས་འཚམས་སྒོས་སྟེར་བའི སྲིད་གཞུང་གིས་མ་དངུལ་གཏོང་བའི་མ་ལག་འཛུགས་རྒྱུ་རེད།

           སྐུལ་འདེད་བྱེད་སྟངས། ཁུལ་དང་གྲོང་ཁྱེར21པོས་རང་གིས་དཔེ་སྟོན་རྫོང་རེ་བདམས་ནས། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་དཔེ་སྟོན་རྫོང21གི་གྲུབ་འབྲས་ལ་དཔྱད་སྡུར་བྱས་པའི་མཇུག་འབྲས་ལྟར་སྐུལ་ལྕག་བྱ་དགའི་ཁ་གསབ་རོགས་དངུལ་གྱི་རྒྱབ་སྐྱོར་བྱེད་རྒྱུ་དེ་རེད།

           སི་ཁྲོན་ཉིན་རེའི་གསར་འགྱུར་གྱི་འཕྲིན་གསར། ཞིང་ཨུའི་གཞུང་ལས་ཐིང་དང་ཞིང་ཆེན་སྲིད་གཞུང་གི་གཞུང་ལས་ཐིང་གིས་མཉམ་དུ་འགྲེམ་སྤེལ་བྱས་པའི《སི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་འཆར་གཞིའི་ལག་བསྟར་ཇུས་གཞི》ཡི་ནང་དུ། 2020ལོའི་བར་དུ་སྲིད་འཛིན་གྲོང་ཚོའི་འཚོ་བའི་གད་སྙིགས་ལེགས་བཅོས་བྱས་ཚད་བརྒྱ་ཆ90ཟིན་དགོས་པ་དང་། གསང་སྤྱོད་ཁང་ཁྱབ་གདལ་གཏོང་ཚད་བརྒྱ་ཆ85ཟིན་པ། བརྒྱ་ཆ50ཡས་མས་ཀྱི་སྲིད་འཛིན་གྲོང་ཚོའི་འཚོ་བའི་བཙོག་ཆུ་ཐག་ཆོད་ཡོང་བ། དེ་མིན་གྲོང་ཚོའི་ནང་གི་གཞུང་ལམ་ཤར་གཏོང་ཐད་མངོན་གསལ་གྱི་ལེགས་བཅོས་ཡོང་བ་དང་། གྲོང་རྙིང་ལ་ལེགས་བཅོས་བྱེད་པ་དང་གྲོང་སྡེའི་རྣམ་པ་ཇེ་ལེགས་སུ་སྒྱུར་བ། དོ་དམ་སྲུང་སྐྱོང་ནང་རྐྱེན་འཐུས་ཚང་དུ་གཏོང་བ་ཞེས་བཏོན།

           《ཇུས་གཞི》ལྟར་ན། རང་ཞིང་གིས་གྲོང་ཁྱེར་དང་རྫོང་རིམ་གཉིས་ནས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་འཆར་གཞི་ལག་བསྟར་སྐོར་ལ་འཆར་འགོད་བཟོས་ནས། ལེགས་བཅོས་ཀྱི་ནང་དོན་ཐད། འཚོ་བའི་གད་སྙིགས་ལེགས་བཅོས་དང་། འཚོ་བའི་བཙོག་ཆུ་བཅོས་སྒྲིག གསང་སྤྱོད་ཁང་གི་སྒྱུར་བཀོད་དང་བྲུན་པ་གཙང་སེལ་བྱེད་པ། གྲོང་རྙིང་ལ་ལེགས་བཅོས་བྱེད་པ་དང་གྲོང་སྡེའི་རྣམ་པ་ཇེ་ལེགས་སུ་སྒྱུར་བ། དོ་དམ་སྲུང་སྐྱོང་ནང་རྐྱེན་འཐུས་ཚང་དུ་གཏོང་བ་བཅས་ཕྱོགས་ལྔའི་ནང་དོན་འདུས་ཡོད།

           མ་དངུལ་གཏོང་ཚད་ཀྱི་སྐོར་ལ་ཆེད་སྤྱོད་མ་དངུལ་གྱི་འཆར་གཞི་དང་བསྡུ་ཐབས་གཏན་འབེབས་དེ་རྫོང་དང་གྲོང་ཁྱེར་ལ་གཙོ་བོ་དང་། ཞིང་ཆེན་རིམ་པ་ནས་ཁ་གསབ་རོགས་དངུལ་འོས་འཚམས་སྒོས་སྟེར་བའི་སྲིད་གཞུང་གིས་མ་དངུལ་གཏོང་བའི་མ་ལག་འཛུགས་རྒྱུ་རེད།

           ལག་རྩལ་གྱི་འདེགས་སྐྱོར་ཐད། སི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་སྐོར་གྱི་ཕྱོགས་སྟོན་སྒྲིག་སྲོལ་བསྒྲིགས་ནས། ཐང་ཆེན་དང་དེའུ་འབུར། རི་ཁུལ་སོགས་ས་གཤིས་ཀྱི་ཁྱད་ཆོས་མི་འདྲ་བ་དང་རིག་གནས་དང་ལྗོངས་སྐོར། སྐྱེ་ཁམས་སོགས་རིགས་མི་འདྲ་བར་དམིགས་ནས། གྲོང་སྡེ་རེ་རེའི་ལེགས་བཅོས་ཚད་གཞི་དང་འཛུགས་སྐྲུན་གྱི་ནང་དོན་ཐད་ལ་གཏན་འབེབས་བྱས་ཏེ། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་བཟོ་སོགས་ཀྱི་ཐད་ལ་རང་ལ་རང་འཚམས་ཀྱི་ལག་རྩལ་ཕྱོགས་སྟོན་བྱེད་པ་དེ་ཡིན།

           སྐུལ་འདེད་བྱེད་སྟངས་ཀ