རྔ་བ་ཁུལ་གྱི་ནག་ཚོགས་སོགས་ཁྲིམས་འགལ་གྱི་རིགས་ཞུ་གཏུག་བྱེད་ཐབས།

རྩོམ་པ་པོ།   དུས་ཚོད།   2018-09-04   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་ལག་བསྟར་དོན་འཁྱོལ་ཡོང་བ་དང་ཀྲུང་གུང་ཀྲུང་དབྱངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་གཉེར་ལས་དོན་ནག་སེལ་གཤེད་འཇོམས་བརྡ་ཁྱབ་ཀྱི་རེ་མདུན་ལྟར། སྔར་ལས་ལྷག་པར་རྒྱ་ཆེའི་མི་དམངས་མང་ཚོགས་ནག་སེལ་གཤེད་འཇོམས་ལས་དོན་དུ་འཇུག་པར་སྐུལ་འདེད་བཏང་ནས། ནག་ཚོགས་སོགས་ཁྲིམས་འགལ་གྱི་རིགས་ཀུན་གཏུགས་བཤེར་བྱེད་པ་དང་། ཁུལ་ཡོངས་ནས་ནག་སེལ་གཤེད་འཇོམས་གྱི་ལས་དོན་སྤེལ་ཏེ། འབྲེལ་ཡོད་ཁྲིམས་ལུགས་དང་སྒྲིག་ཁྲིམས། སྲིད་ཇུས་ཀྱི་གཏན་འབེབ་ལྟར་བྱེད་ཐབས་འདི་དམིགས་སུ་བཀོད།

         ཞུ་གཏུག་གི་ནང་དོན།

         1 ཕྱི་ལོག་དང་ངན་འབྲེལ་བྱས་ཏེ་རྒྱལ་ཁབ་བྲལ་དང་། ཁྲིམས་ལུགས་བདེ་འཇགས་ལ་འཇིགས་སྐུལ་བ་དང་ལྷག་པར་དུ་སྲིད་དབང་བདེ་འཇགས་ལ་འཇིགས་སྐུལ་བ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བརླག་གཏོང་བ། ཏང་དང་སྲིད་གཞུང་གི་ཁ་གཏད་དུ་བླངས་བ། གཞི་རིམ་གྱི་སྲིད་འཛིན་དང་ཁྲིམས་འཛིན། སློབ་གསོ་སོགས་རུལ་ཟུངས་སུ་འགྱུར་གྱིན་པ་བཅས་ཞུ་གཏུག་བྱེད་པ།
         2 ཁྱིམ་མི་ཉེ་འབྲེལ་དང་ཚོ་བ་སོགས་ཁྲིམས་འགལ་གྱིས་སྒྲིག་འཛུགས་བྱས་ནས་རྐུ་ཇག་འཕྲོག་གསུམ་བྱེད་པ་དང་། རི་གསུམ་མཚམས་གཅིག་གི་ཡུལ་དུ་སྤྱི་ཚོགས་ལ་གནོད་པའི་ལས་ངན་སྤེལ་བ་དག་ཞུ་གཏུག་བྱེད་པ།
         3 ས་གནས་ཀྱི་སྲིད་དབང་བེད་སྤྱད་དེ་ས་གནས་ཀྱི་འགོ་ཁྲིད་སྐབས་བརྗེ་འདེམས་བསྐོར་གཏོར་བརླག་གཏོང་བ་དང་། ཞིང་གྲོང་གི་ཐོན་ཁུངས་སྒེར་སྡོམ་བྱེད་པ། སྤྱི་པའི་ཐོན་ཁུངས་བདག་འཛིན་བྱེད་པ་བཅས་ཞུ་གཏུག་བྱེད་པ།

         4 རུས་རྒྱུད་དང་གྲུབ་མཐའ། ཆོས་ལུགས་ཀྱི་སྟོབས་ཤུགས་བཅས་བཀོལ་ནས། ཡུལ་གཅིག་བདག་འཛིན་བྱེད་པ་དང་། མི་དམངས་མང་ཚོགས་ལ་བཙན་གྱིས་གཉའ་གནོན་བྱེད་པ་དང་འཇིགས་སྐུལ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཞིང་གྲོང་གི་དབུལ་སྒྲོལ་དང་སྤྱི་ཚོགས་དཔལ་འབྱོར་ལ་གནོད་སྐྱེལ་བའི་རིགས་ཀུན་ཞུ་གཏུག་བྱེད་པ།
         5 ས་བླངས་གནས་སྤོ་དང་ལས་གྲྭའི་རྣམ་གྲངས་ཁྲོད་ལུགས་མེད་དོན་རྐྱེན་བཟོ་བའི་ནག་ཚོགས་སོགས་ཞུ་གཏུག་བྱེད་པ།
         6 ཨར་ལས་འཛུགས་བསྐྲུན་དང་།འགྲིམ་འགྲུལ་སྐྱེལ་འདྲེན། གཏེར་ཁའི་ཐོན་ཁུངས་སོགས་ཀྱི་ལས་རིགས་དང་།ཡུལ་ཁོངས་སུ་ཁྲིམས་འགལ་གྱིས་སྦྱར་བྱང་བཟོ་བ།ཁྲིམས་འགལ་གྱིས་ས་འཛིན་པ་སོགས་ཞུ་གཏུག་བྱེད་པ། 
         7 ཚོང་ལས་ཁྲོམ་ར་དང་སྡེབ་ཚོང་ཁང་། རླངས་འཁོར་འབབ་ཚིགས་སོགས་སུ་ཚོང་ར་རྫུན་པ་འཛུགས་པ་དང་།བཙན་བྱེད་ཀྱིས་གཞན་པར་ཉོ་ཚོང་བྱེད་དུ་འཇུག་པ། ཚོང་ཁྲོམ་སོགས་ལས་སྲུང་སྐྱོབ་སྒོར་ལེན་པ་ཀུན་ཞུ་གཏུག་བྱེད་པ།

         8 རྒྱན་དུག་སྲེད་གསུམ་གྱི་རིགས་ལ་ཁ་ལོ་བསྒྱུར་བ་དང་རྩ་འཛུགས་བྱེད་པ།ཚོང་གཉེར་བྱེད་པ་སོགས་ཞུ་གཏུག་བྱེད་པ།

         9 སྐྱེད་མཐོའི་བུ་ལོན་གཏོང་བ་དང་བཙན་གྱི་ཁྲལ་བསྡུ་བ་ཞུ་གཏུགས་བྱེད་པ།

         10 དམངས་ཁྲོད་ཀྱི་རྩོད་གླེང་དུ་ལག་བསྲིངས་བའི་ནག་ཚོགས་ཞུ་གཏུག་བྱེད་པ་བཅས་སོ།།

         ཞུ་གཏུག་བྱེད་སྟངས།

         1 འཕྲིན་ཡིག་གི་ལམ་ནས་ཞུ་གཏུག་བྱེད་པ།

         སྤྱི་དམངས་ཀྱིས་འཕྲིན་ཡིག་བསྐུར་ལམ་ནས་ནག་ཚོགས་སོགས་ཁྲིམས་འགལ་གྱི་འབྲེལ་ཡོད་མི་སྣ་རྔ་བ་ཁུལ་སྤྱི་བདེ་ཅུས་ནག་སེལ་གཞུང་ལས་ཁང་ངམ།རྔ་བ་ཁུལ་སྤྱི་བདེ་ཅུས་ནག་སེལ་གཞུང་ལས་ཁང་གི་ནག་སེལ་གཤེད་འཇོམས་ཡིག་སྒམ་དུ་འཕྲིན་ཡིག་བསྐུར་བ།

         2 ཁ་པར་གྱི་ལམ་ནས་ཞུ་གཏུག་བྱེད་པ།

         སྤྱི་དམངས་ཀྱིས་ནག་ཚོགས་སོགས་སྤྱི་བསྒྲགས་བྱས་ཡོད་པའི་ཁྲིམས་འགལ་གྱི་འབྲེལ་ཡོད་མི་སྣ་ཞུ་གཏུགས་ཁ་པར་དུ་ཞུ་གཏུག་བྱེད་དགོས་པ་དང་ཞུ་གཏུགས་ཁ་པར་ལ་ཆེད་གཉེར་བ་ཡོད་པས་གསང་བ་རྒྱ་དམ་པོ་ཡོད།

རྔ་བ་ཁུལ་སྤྱི་བདེ་ཅུས་ཀྱི་ཞུ་གཏུགས་ཁ་པར་ཨང་གྲངས།0837-2823110

         རྔ་བ་ཁུལ་སྤྱི་བདེ་ཅུས་ཀྱི་ནག་སེལ་གཞུང་ལས་ཁང་གི་ཁ་པར་ཨང་གྲངས།0837-2836066

         3 ཡུལ་དངོས་ནས་ཞུ་གཏུག་བྱེད་པ།

སྤྱི་དམངས་ཐད་ཀར་ཁུལ་དང་རྫོང་(གྲོང་ཁྱེར། )གི་སྤྱི་བདེ་ཅུས་སམ་སྤྱི་བདེ་ཉེན་རྟོག་པའི་སར་སོང་ནས་ཞུ་གཏུག་བྱེད་པ།ཞུ་གཏུག་བྱ་རྒྱུ་དེ་དོན་དངོས་ཡིན་དགོས་ལ་མིང་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས།འབྲེལ་གཏུག་བྱེད་སྟངས་       སོགསགསལ་བོ་དགོས། 

         ཞུ་གཏུག་བྱེད་པའི་ཆ་རྐྱེན། 

         མི་སུ་ཡིན་རུང་ཞུ་གཏུག་བྱེད་དུས།ནག་ཚོགས་སོགས་ཁྲིམས་འགལ་མི་སྣའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་དུས་ཚོད་དང་ས་གནས།བརྒྱུད་རིམ་བཅས་མཁོ་སྤྲོད་བྱ་དགོས་ལ། ཁྲིམས་འགལ་འབྲེལ་ཡོད་མི་སྣའི་མིང་དང་སྡོད་གནས།འབྲེལ་གཏུགས་བྱ་སྟངས། གཟུགས་བྱད་ཆ་ལུགས། རྒྱུན་པར་འགྲོ་འོང་བྱེད་སའི་ལམ་ཐིགསྦ་སྐོང་བྱ་སའི་ས་གནས་དང་ལག་ཆ་ཡོད་མེད་ཀྱི་གནས་ཚུལ་སོགས་མཁོ་སྤྲོད་བྱ་དགོས།

         2 ཞུ་གཏུགས་མི་སྣས་ཞུ་གཏུགས་བྱས་པའི་ནག་ཉེས་ཅན་གྱི་མི་སྣ་དེ་ཉིན་བདུན་གྱི་རིང་དུ་འཛིན་བཟུང་བྱ་དགོས་པ་དང་། གནས་ཚུལ་རྙོག་འཛིང་དང་གལ་ཆེ་བའིི་རིགས་ནི་འབྲེལ་ཡོད་སྒྲིག་སྲོལ་ལྟར་ལག་བསྟར་བྱ་དགོས། 

          བྱ་དགའ་གནང་ཡུལ།

          བྱ་དགའ་གནང་ཡུལ་ནི།རྔ་བ་ཁུལ་གྱི་ནག་ཚོགས་སོགས་ཁྲིམས་འགལ་མི་སྣ་ཞུ་གཏུགས་བྱས་པའི་སྤྱི་དམངས་དང་ཁྲིམས་ལུགས་མི་སྣ།དེ་མིན་རྩ་འཛུགས་གཞན་པ་བཅས་ཡིན། 

          བྱ་དགའ་དང་བྱ་དགའ་ལེན་སྟངས།

         1 སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་པ་གནས་ཚུལ་དངོས་ཡིན་པ་མ་ཟད་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་ཁྲིམས་འགལ་གྱི་རྩ་འཛུགས་དེ་ཞིབ་བཤེར་ལས་ཁུངས་ལ་སྙན་ཞུ་ཕུལ་ཡོད་ཚེ།གྱོད་གཞི་རེར་དམངས་སྒོར་ཁྲི་གསུམ་ནས་ལྔའི་བར་གྱི་བྱ་དགའ་ཡོད། 
         2 སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་པ་གནས་ཚུལ་དངོས་ཡིན་པ་མ་ཟད། ཁྲིམས་འགལ་ཐུན་ཚོགས་ཀྱི་མིང་ཐོག་ནས་ཞིབ་བཤེར་ལས་ཁུངས་ལ་སྙན་ཞུ་ཕུལ་ཡོད་ཚེ། དམངས་སྒོར་ཁྲི་གཅིག་ནས་གསུམ་བར་གྱི་བྱ་དགའ་ཡོད།

         3 སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་པ་གནས་ཚུལ་དངོས་ཡིན་པ་མ་ཟད།ཁྲིམས་འགལ་འབྲེལ་ཡོད་དཔུང་སྡེ་དེ་ཞིབ་བཤེར་ལས་ཁུངས་ལ་སྙན་ཞུ་ཕུལ་ཡོད་ཚེ།དམངས་སྒོར་སྟོང་ལྔ་ཡི་བྱ་དགའ་ཡོད། 
         4 སྤྱི་བདེ་ལས་ཁུངས་ཀྱིས་ཞུ་གཏུགས་བྱས་པ་ལྟར། ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་དང་ཁྲིམས་འགལ་གྱི་ཐུན་ཚོགས་འཛིན་བཟུང་བྱས་ཚེ།དམངས་སྒོར་སྟོང་ལྔ་ནས་ཁྲི་བར་གྱི་བྱ་དགའ་ཡོད། 
         5 ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་དང་ཁྲིམས་འགལ་ཐུན་ཚོགས་ཀྱི་འགོ་གཙོ་འཛིན་བཟུང་བྱས་ཚེ།སྒོར་སྟོང་གཉིས་ནས་ལྔ་བར་གྱི་བྱ་དགའ་ཡོད།

         6 ཁྲིམས་འགལ་དཔུང་སྡེའི་སྤྱིར་བཏང་གི་མི་སྣ་འཛིན་བཟུང་བྱས་ཚེ།དམངས་སྒོར་སྟོང་ནས་སྟོང་གཉིས་བར་གྱི་བྱ་དགའ་ཡོད།

           ཞུ་གཏུགས་མི་སྣས་ནག་ཚོགས་སོགས་ཁྲིམས་འགལ་མི་སྣ་ཞུ་གཏུགས་བྱས་པ་དེ་གོང་གི་ཆ་རྐྱེན་དག་དང་མཐུན་ཚེ།དེ་མ་ཐག་ནས་བྱ་དགའི་སྒོར་དེ་ཆད་ལྷག་མེད་པར་ལེན་ཐུབ། ཡིན་ཡང་གྱོད་དོན་གཅིག་ཞུ་གཏུག་བྱེད་གཉིས་དང་དེའི་ཡན་བྱུང་ཚེ།ཐོག་དང་པོར་ཞུ་གཏུགས་བྱེད་མཁན་ལ་བྱ་དགའ་ཡོད་པ་ལས་གཞན་པར་མེད། ཡིན་ནའང་། གནས་ཚུལ་གསར་བ་ཁ་གསབ་བྱ་མཁན་ཡོད་ཚེ་དེར་བསྟུན་གྱི་བྱ་དགའ་ཡོད།

           བྱ་དགའི་སྒོར་ནི། རྔ་བ་ཁུལ་སྤྱི་བདེ་ལས་ཁུངས་ཀྱི་ནག་སེལ་གཞུང་ལས་ཁང་གིས་ཆེད་གཉེར་ལས་ཁུངས་ཀྱིས་གཏན་འབེབ་བྱས་པའི་བྱ་དགའི་ཚད་གཞི་ལྟར།ཞུ་གཏུགས་བདག་གཉེར་ལས་ཁུངས་ཀྱི་ཞུ་གཏུགས་མི་སྣར་གསང་བའི་སྒོ་ནས་བྱ་དགའ་གནང་རྒྱུ་རེད། 

         གསང་རྒྱ་བྱེད་སྟངས། 

         ཞུ་གཏུགས་བདག་གཉེར་ལས་ཁུངས་ཀྱི་ངེས་པར་དུ་ཞུ་གཏུགས་མཁན་གྱི་འབྲེལ་ཡོད་གནས་ཚུལ་ཀུན་གཟབ་ནན་གྱི་གསང་རྒྱ་བྱེད་དགོས་ལ་ཞུ་གཏུགས་མཁན་གྱི་གནས་ཚུལ་ཆེད་གཉེར་མི་གནས་དོ་དམ་བྱ་དགོས།དེ་མིན། གྱོན་དོན་ཆེན་པོའི་རིགས་ཞུ་གཏུགས་བྱེད་མཁན་གྱི་རྒྱུ་ནོར་བདེ་འཇགས་ལ་ཡང་སྲུང་སྐྱོབ་བྱེད་དགོས།གསང་རྒྱ་ཕྱི་རུ་ཤོར་ཚེ། ཁྲིམས་ཀྱིས་ཐག་གཅོད་ནན་མོ་བྱེད་ངེས་སོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།