ཀན་ལྷོ་རྩྭ་ཐང་དུ་གླུ་ལེན་གར་རྩེད་ཀྱིས་རྒྱང་རིང་གི་སྐུ་མགྲོན་བསུ།

རྩོམ་པ་པོ།   དུས་ཚོད།   2018-08-15   རྩོམ་ཁུངས།    མི་དམངས་དྲ་བ།

           ཉེ་ཆར། ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ག་ཤུལ་གྲོང་ཚོའི་མང་ཚོགས་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་སྒོ་ནས་རྒྱང་རིང་ནས་ཕེབས་པའི་མགྲོན་པོར་བསུ་མ་བྱེད་བཞིན་ཡོད།

          ཉེ་བའི་ལོ་འགའི་རིང་ལ། གྲོང་གསེབ་དུ་གནས་སྐོར་བྱེད་པ་དེ་ཀན་ལྷོ་ཁུལ་གྱི་དཔལ་འབྱོར་འཕར་བའི་ཆ་གསར་པ་ཞིག་ཏུ་གྱུར་ཡོད། ཀན་ལྷོའི་ཆེས་མཛེས་པའི་དུས་ཚིགས་སླེབས་པ་དང་བསྟུན་ནས། ས་གནས་སོ་སོའི་གནས་སྐོར་བ་རྣམས་ཀན་ལྷོ་རྩྭ་ཐང་དུ་ལྷན་འཛོམས་བྱུང་ནས་མཛེས་ལྗོངས་ལྟ་སྐོར་བྱས་ཏེ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ལ་རོལ་མྱོང་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།