ལིས་རྫོང་གི་གླུ་མ་ལྷ་སྨན་གྱིས་གསེར་གྱི་རྟགས་མ་བླངས་འདུག

རྩོམ་པ་པོ།   ཨོ་རྒྱན་བཀྲ་ཤིས། དུས་ཚོད།   2018-08-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                 སྐབས་བཅུ་དྲུག་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་དམངས་གླུ་འགྲན་ཚོགས་དེ་2018ལོའི་ཟླ་7པའི་ཚེས་29ནས་ཟླ་8པའི་ཚེས་3བར་ཉིང་ཞའི་མི་དམངས་ཚོགས་ཁང་ནས་གཟབ་རྒྱས་ངང་འཚོགས།

                 ཐེངས་འདིའི་དམངས་གླུ་འགྲན་ཚོགས་སུ་ཀྲུང་གོའི་ནུབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བཅུ་གཉིས་ལྷག་གི་ཕུལ་བྱུང་རུ་ཁག་བཅུ་གཅིག་ཏེ། བོད་དང་ཧའེ་རིགས། དབྱི་རིགས། སོག་རིགས་སོགས་མི་རིགས་མི་འདྲ་བ་བཅུ་གཉིས་ལྷག་གི་གླུ་བ་བརྒྱ་ལྷག་ཞུགས་ཡོད་པ་རེད། 

             ལིས་རྫོང་གི་གླུ་མ་ལྷ་སྨན་གྱིས་སི་ཁྲོན་རུ་ཁག་གི་ཚབ་བྱས་ནས་རང་ཉིད་ཀྱིས་བརྩམས་པའི་བོད་པ་སེང་གེ་ཞེས་པའི་གླུ་གཞས་དེ་བླངས་པར། དཔྱད་འདེམས་དགེ་རྒན་དང་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ་པས། སྐབས་བཅུ་དྲུག་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་དམངས་གླུ་འགྲན་ཚོགས་ལས་གསེར་གྱི་རྟགས་མ་བླངས་པ་རེད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།