མཛོད་དགེ་རྫོང་ཞིབ་དཔྱོད་ཁང་གིས་ཁྲིམས་ ལུགས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ།

རྩོམ་པ་པོ།   འོད་གསལ་མཚོ།དུས་ཚོད།   2018-07-20   $རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                   ཉེ་ཆར། མཛོད་དགེ་རྫོང་ཞིབ་དཔྱོད་ཁང་དང་ཁུལ་སྐལ་བཟང་མེ་ཏོག་སྐད་གཉིས་ཁྲིམས་སྐྱོང་སྐོར་སྐྱོད་འཆད་ཁྲིད་ཚོགས་པ་མཛོད་དགེའི་སྒྲོག་འགྲེལ་ཚོ་ཆུང་རྫོང་དེའི་མི་རིགས་བཅའ་སྡོད་ལམ་ལུགས་ཀྱི་སློབ་ཆུང་དང་རྫོང་སློབ་འབྲིང་དུ་བསྐྱོད་ནས་ལག་གདང་སྤྲེལ་བའི་ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོ་སྤེལ་བ་དང་། སློབ་མ་དང་ཁྱིམ་བདག་རྣམས་ཧུར་ཐག་གིས་བྱེད་སྒོར་ཞུགས།

                   ལག་གདང་སྤྲེལ་བའི་ཁྲིམས་ལུགས་ཁྱབ་གདལ་གྱི་བྱེད་སྒོ་དང་ཞིབ་དཔྱོད་པའི་སློབ་ཆུང་སློབ་མར་ལག་གདང་སྦྲེལ་ནས། ཁོ་ཚོར་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པ་དང་། ད་དུང་སློབ་མའི་ཁྱིམ་བདག་ལ་ལག་གདང་སྦྲེལ་བ་བརྒྱུད། ཁྱིམ་བདག་ལ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པས། གཅིག་ནས་ཁྲིམས་ལུགས་ཁྱབ་གདལ་བྱས་པ་དང་། གཉིས་ནས་ཕན་པ་ཐོབ་པའི་གྲུབ་འབྲས་ཐོབ། ལག་གདང་སྦྲེལ་བའི་ཁྲིམས་ལུགས་ཁྱབ་གདལ་ནི་མཛོད་དགེ་རྫོང་ཞིབ་དཔྱོད་ཁང་གིས་ཁུལ་སྐལ་བཟང་མེ་ཏོག་སྐད་གཉིས་ཁྲིམས་སྐྱོང་སྐོར་སྐྱོད་འཆད་ཁྲིད་ཚོགས་པའི་ལས་ཀའི་རེ་བ་དང་རྫོང་དེའི་དོན་དངོས་ལ་དམིགས་ནས། ཐེངས་མང་བོར་ཞིབ་འཇུག་དང་གཏན་འཁེལ་བྱས་པའི་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་བྱེད་ཐབས་བཏོན་པ་རེད། དེ་ནི་ཕྱོགས་མང་བོའི་ཐད་ནས་མཉམ་དུ་ཞུགས་པའི་ནར་མ་སོན་པའི་བྱིས་པའི་ཁེ་དབང་སྲུང་སྐྱོང་མ་ལག་སྐྲུན་ཆེད་དང་། ནར་མ་སོན་པའི་བྱིས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་མི་སྤེལ་བའི་ཆེད་དུ་ཡིན། དུས་མཚུངས་སུ། ཁྲིམས་སྐྱོང་སྒྲོག་འགྲེལ་པས་མི་མང་བོར་ཕན་ཐོགས་པ་དང་། རྫོང་ཡོངས་ཀྱི་མི་ཚང་མས་ཁྲིམས་སྦྱང་ཐུབ་པ་དང་། ཚང་མས་ཁྲིམས་ཤེས་པ། ཚང་མས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་དམིགས་ཡུལ་འགྲུབ་ཐུབ་པར་བྱས།

                    མཛོད་དགེ་རྫོང་མི་རིགས་བཅའ་སྡོད་ལམ་ལུགས་ཀྱི་སློབ་ཆུང་དུ་སྒྲོག་འགྲེལ་ཚོ་ཆུང་གིས་རང་ཉིད་སྲུང་སྐྱོང་པ་ཞིག་བྱ་དགོས་ཞེས་པ་བརྗོད་བྱ་གཙོ་བོར་བྱས་ནས། བྱིས་པར་འཆམ་རྩེད་དང་བཙན་གཡེམ་བྱེད་པར་སྔོན་འགོག་དང་། བྱིས་པ་བསླུ་འཚོང་ལ་སྔོན་འགོག་སྐོར་གྱི་འགུལ་རིས་ཀྱི་བརྙན་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། སློབ་ཆུང་སློབ་མས་ཇི་ལྟར་བསླུ་འཚོང་ལ་སྔོན་འགོག་བྱ་དགོས་པ་དང་། ཇི་ལྟར་རང་ཉིད་སྲུང་སྐྱོང་བྱེད་དགོས་པ་སོགས་ཀྱི་ཐད་ལ་ཤེས་བྱའི་སྒྲོག་འགྲེལ་བྱས། མཛོད་དགེ་རྫོང་སློབ་འབྲིང་དུ་སྒྲོག་འགྲེལ་ཚོ་ཆུང་གིས་འཆམ་མཐུན་གྱི་སློབ་གྲྭ་ཁྱོད་དང་ངས་མཉམ་དུ་བསྐྲུན་དགོས་ཞེས་པ་བརྗོད་བྱ་གཙོ་བོར་བྱས་ནས། བཪྙན་ཐུང་དང་མཉམ་འགུལ་སོགས་ཀྱི་བྱེད་ཐབས་ལས་བསམ་བཞིན་དུ་རྨས་སྐྱོན་བཏང་བའི་ནག་ཉེས་ལ་གཞི་རྩའི་ཐོག་ནས་བཅའ་ཁྲིམས་དང་ཁྲིམས་ལུགས་ཀྱི་གཏན་འབེབས་བྱས་ཡོད་པ་དང་སློབ་གྲྭའི་དྲག་ཤུགས་ལ་ཇི་ལྟར་སྔོན་འགོག་བྱེད་པ་སོགས་ཀྱི་ནང་དོན་སྐོར་སློབ་མར་སྒྲོག་འགྲེལ་བྱས། བྱེད་སྒོ་སྤེལ་ཡུལ་དུ་སློབ་མ་རྣམས་ཧུར་ཐག་གིས་མཉམ་འགུལ་ནང་ཞུགས་པ་དང་། སྒྲོག་འགྲེལ་པས་གསོན་ཉམས་ལྡན་པའི་ངང་སྒྲོག་འགྲེལ་བྱས་པ་བརྒྱུད། སློབ་མ་རྣམས་ཀྱིས་ཀྱང་ཐལ་མོའི་རྡེབ་ནས་དགའ་བསུ་ཆེན་པོ་ཐོབ།

                      རྒྱུས་ལོན་པ་ལྟར་ན། ཐེངས་དེའི་བྱེད་སྒོས་སློབ་གྲྭ་གཉིས་ལ་རང་མིང་མི་འགོད་པའི་འདྲི་ཤོག་བརྟག་དཔྱད་རེའུ་མིག300ལྷག་བཀྲམ་པ་དང་། སློབ་མ་རྣམས་ལ་སྤྲོ་བ་ཡོད་པའི་བཅའ་ཁྲིམས་ཀྱི་ནང་དོན་ལྡན་མིན་དང་། བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བའི་དགོས་མཁོ་ཡོད་མེད་སོགས་ཀྱི་ཐད་ལ་ཞིབ་བཤེར་བྱས། ལེགས་སྒྲིག་དང་དབྱེ་ཞིབ་བྱས་པ་བརྒྱུད། སློབ་མའི་ལོ་ཚད་ཀྱི་ཁྱད་ཆོས་དང་འབྲེལ་ཏེ། དུས་ཐོག་ཏུ་ཁོ་ཚོར་ཁྲིམས་སྐྱོང་སྒྲོག་འགྲེལ་གྱི་ནང་དོན་དང་རྣམ་པ་ཞིག་བཟོས། བྱེད་སྒོའི་ཁྲོད་ཁྱོན་བཅའ་ཁྲིམས་ཁྱབ་གདལ་གྱི་ཟིན་བྲིས་དང་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ལག་དེབ600ལྷག་བཀྲམ། སློབ་གསོ་མྱོང་བའི་སློབ་མ་དང་ཁྱིམ་བདག་མི300ལྷག་ཡོད། སློབ་མ་དང་ཁྱིམ་བདག་ཚང་མས་འདི་འདྲའི་ཁྲིམས་ལུགས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་ནས། རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པ་དང་སློབ་མའི་ལོ་ཚད་ཀྱི་ཁྱད་ཆོད་དང་མཐུན་པ། སློབ་མ་ཚོའི་བཅའ་ཁྲིམས་ཀྱི་ཤེས་བྱ་སྦྱང་ཐུབ་པ། རང་ཉིད་སྲུང་སྐྱོང་བྱ་བའི་ནུས་པ་ཆེ་རུ་བཏང་ཡོད་ཅེས་བཤད་དོ།། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།