རྔ་ཁུལ་ནང་བསྟན་ཆོས་ལུགས་ཀྱི་ཡོངས་འཛིན་དཔང་ཡིག་ལེན་པའི་རྒྱུགས།

རྩོམ་པ་པོ།   དུས་ཚོད།   2018-07-19   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            རྔ་བའི་གསར་འགྱུར་དྲ་བའི་འཕྲིན། (གསར་འགོད་པ། ཨོ་རྒྱན་བཀྲ་ཤིས།)   བོད་བརྒྱུད་ནང་བསྟན་གྱི་ཡོངས་འཛིན་གཏན་འབེབ་ཀྱི་བྱ་བ་སྒྲིག་གཞི་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་དུ་གཏོང་སླད་དུ། ཁྲིམས་ལྟར་ཆོས་ལུགས་ཀྱི་དོ་དམ་བྱ་རྒྱུའི་བྱ་བའི་རྨང་གཞི་གཞིར་བཟུང་ཞིང་། རྔ་བ་ཁུལ་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན་གཏན་འབེབ་དང་གདན་ཞུའི་བྱ་བའི་ཐབས་ཇུས་ཀྱི་རེ་འདུན་ལྟར། 2018ལོའི་ཟླ7པའི་ཚེས16ནས་ཚེས་18བར། རང་ཁུལ་གྱིས་འབར་ཁམས་དང་། རྔ་བ། མཛོད་དགེ། འཛམ་ཐང་དང་ཟུང་ཆུ་བཅས་རྒྱུགས་ར་ལྔ་བཀོད་སྒྲིག་བྱས། ཟུང་ཆུ་རྫོང་གི་རྒྱུགས་ར་ནས་ཁུལ་ཡོངས་ཀྱི་བོན་ཆོས་ཀྱི་དགེ་བཤེས་94(འདིའི་ནང་དུ། རིག་གནས་སྐོར་ལ་མི་18དང་ཆོས་འཆད་རྩོད་མཁན་མི་54། ཆོ་གའི་སྐོར་ལ་མི་25ཡོད་པ་རེད།)ལ་ཡོངས་འཛིན་གཏན་འབེབ་ཀྱི་གཅིག་གྱུར་གྱི་རྒྱུགས་བླངས། 

          རང་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་ཆོས་ལུགས་ལས་དོན་ཅུས། ནང་བསྟན་མཐུན་ཚོགས་བཅས་ཀྱིས་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན་དཔང་ཡིག་གཏན་འབེབ་ཀྱི་མིང་ཐོ་འགོད་པ་དང་དཔང་ཡིག་ཞིབ་བཤེར་། རྒྱུགས་གཞི་འདོན་པ་སོགས་ཀྱི་སྟ་གོན་ལེགས་པོ་བྱས་ཐོག  རྙིང་མ་བ་དང་དགེ་ལུགས་པ། ས་སྐྱ་བ། ཇོ་ནང་བ། བཀའ་རྒྱུད་པ། བོན་ཆོས་བཅས་ཀྱི་དགོན་སྡེའི་ཡོངས་འཛིན་གཏན་འབེབ་ཀྱི་གཅིག་གྱུར་གྱི་རྒྱུགས་བླངས། ཟུང་ཆུ་རྫོང་གི་རྒྱུགས་རར་འདུ་འཛི་ཤིན་ཏུ་རྒོད་དེ། གྲྭ་བ་དག་གིས་རྒྱན་གྱི་གོ་རིམ་ལྟར་ཆོས་རྩོད་པའི་ལམ་ནས་རྒྱུགས་སྤྲད་པ་རེད། 

                     ཟུང་ཆུ་རྫོང་གི་རྒྱུགས་རའི་སྒྲིག་སྲོལ་ཤིན་ཏུ་ལེགས་ཤིང་། སྒྲིག་ལམ་དམ་པ། དྲང་པོ་དྲང་བཞག་གི་སྒོ་ནས་རྒྱུགས་བླངས་བ་རེད།

          རྔ་བ་ཁུལ་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན་གཏན་འབེབ་དང་གདན་ཞུའི་བྱ་བ་ནི། ཁྲིམས་ལྟར་ཆོས་ལུགས་དོ་དམ་བྱེད་པའི་བྱ་བའི་འགངས་ཆེ་བའི་ཐབས་ལམ་ཞིག་ཡིན་པ་དང་། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་ཡོངས་འཛིན་རུ་དཔུང་ཆེ་རུ་བཏང་ཡོད་པ་རེད། དེ་མིན་ཡོངས་འཛིན་གྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་བ་འདིས། དགོན་སྡེའི་རང་བདག་གི་ནུས་པར་སྐུལ་འདེད་དང་། ནང་བསྟན་ཆོས་ལུགས་བྱ་བ་སྒྲིག་གཞི་ཅན་དུ་སྐུལ་འདེད་བཏང་སྟེ། ཡོངས་འཛིན་དག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་དང་། རང་ཁུལ་གྱི་ནང་བསྟན་ཆོས་ལུགས་རྒྱུན་ལྡན་ལྟར་སྤེལ་རྒྱུར་དོན་སྙིང་གལ་ཆེན་ཡོད་པ་རེད། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།