ཚད་མར༵་སྦྱང་། ཚད་མ༵་སྦྱང་།

རྩོམ་པ་པོ།   དུས་ཚོད།   2018-07-18   $རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                 ཚད་མར་སྦྱང་། ཚད་མ་སྦྱང་ཞེས་པའི་སྔ་མ་གང་ལ་སྦྱང་བ་ཡུལ་དང་ཕྱི་མ་གང་སྦྱང་བ་ལས་ལ་འཇུག་པས་སྔ་མ་ལ་རྣམ་དབྱེ་ལ་སྒྲ་དོན་གྱིས་ཐོབ་པ་དང་། ཕྱི་མ་ལས་གང་ཡིན་ངོས་འཛིན་ལ་རྣམ་དབྱེ་ལ་སྒྲ་སོགས་སྦྱོར་འོས་མེད་དོ། །

                 མི་མནན་ཞེས་པར་གནན་བྱ་དང་གནན་ཡུལ་གཉིས་པོ་སོ་སོར་ཡོད། གནན་བྱ་མི་དང་། གནན་ཡུལ་ས་གདན་དང་། ནེམ་ཁྲི་སོགས་ཏེ། དཔེར་ན། ནེམ་ཁྲིའི་སྟེང་དུ་མི་མནན་ལྟ་བུ་དང་། ས་གདན་དུ་མི་མནན་ལྟ་བུ་སོགས་སོ། །

                 གོང་གི་ཡི་གེ་སྔོན་པོར༵་མནན། ལྟ་བུར་གནན་བྱ་དང་གནན་ཡུལ་གཉིས་པོ་གཅིག་ཏུ་གྱུར་པ་སྟེ། གནན་བྱ་ཡང་གོང་གི་ཡི་གེ་སྔོན་པོ་ཡིན་ལ། གནན་ཡུལ་ཡང་གོང་གི་ཡི་གེ་སྔོན་པོ་ཞེས་པ་ཡིན་པས་ངེས་པར་ལ་སྒྲ་དགོས་ཏེ། འཕྲིན་སྟེགས་འགའ་རེས་ལ་སྒྲ་མ་བཞག་པར་ཐད་ཀར་གོང་གི་ཡི་གེ་སྔོན་པོ༵་མནན་ནས་ཞེས་བྲིས་པ་ནི་མ་དག་པ་ཁོ་ནའོ། །

                 དེ་བཞིན་དུ་རྟར༵་བཞོན་ལྟ་བུར་མཚོན་ནའང་། བཞོན་བྱ་དང་བཞོན་ཡུལ་གཉིས་པོ་རྟ་ཡིན་པས། ལ་དོན་བཞག་པ་ལྟ་བུའོ། །

                 ཚད་མར་སྦྱང་ཞེས་པའི་སྐབས་སུ། སྦྱང་བྱ་ཚད་མ་ཡིན་པ་དང་། སྦྱང་ཡུལ་ཀྱང་ཚད་མ་ཡིན་པས། ལ་དོན་ཐོབ་པ་ཡིན།

                 སློབ་གྲྭ་རུ༵་ཚད་མ་སློབ་སྦྱོང་བྱས་ལྟ་བུར་མཚོན་ན། ཚད་མ་སྦྱང་ཡུལ་སློབ་གྲྭ་དང་། སྦྱང་བྱ་ཚད་མ་ཡིན་པས། ལ་དོན་སྦྱར་འོས་མེད་དོ། །

                 སྐྱེ་བོ་འགའ་རེར་རྒྱུ་མཚན་དང་གནས་ལུགས་ཇི་ལྟར་བཤད་ཀྱང་རྣར་འགྲོ་དཀའ་བས། དེ་དག་ལ་མི་སྨྲའི་རྟུལ་ཞུགས་དང་དུ་ལེན་པ་ལས་ཐབས་གཞན་མེད་དོ། །

                 ཞེས་པ་འདི་ཛམ་ཐང་བ་ལྕགས་མདའ་རུ་འབོད་པས་ཤར་མར་སྦྱར་བ་དགེའོ། །

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།