ཉིན་འདི་དག་གི་རྔ་བ་ཁུལ་གྱི་འགྲིམ་འགྲུལ་གནས་ཚུལ།

རྩོམ་པ་པོ།   དུས་ཚོད།   2018-07-12   $རྩོམ་ཁུངས།   

བགྲོད་ལམ་གྱི་གནས་ཚུལ།

1

ཝུན་ཁྲོན་རྫོང་།

ཏུའུ་ཝུན་མྱུར་བགྲོད་གཞུང་ལམ།

ཤར་གཏོང་།

རྒྱལ་ལམ213

                    1.ཆིང་ཕའོ(K2088+908)ནས་ཝུན་ཁྲོན་རྫོང་ཝེ་ཀྲུའུ་གླིང་གའི་བར་གྱི(K2102+500)ཡན་མིན་ཅང་ཤེ་པའི(K2098+700- K2098+800)བགྲོད་ལམ་ཆུས་བཤགས་ཡོད། མིག་སྔར་ལམ་རྒྱུད་དེར་འགྲིམ་འགྲུལ་དོ་དམ་བྱས་ཡོད་ཏེ། ཉིན་མོར་གཞོག་གཅིག་ནས་རླངས་འཁོར་ཆུང་བའི་རིགས་གཏོང་གིན་ཡོད་པ་ལས་རླངས་འཁོར་ཆེ་བའི་རིགས་གཏོང་གིན་མེད།

                    2.ཚའོ་ཕོའི་ཟམ་ཆེན་བཞི་བ(K2126+800)ནས་ཚའོ་ཕོའི་ཟམ་ཆེན་གཉིས་པའི་བར(K2127+500)གྱི་ཚའོ་ཕོ་ཟམ་ཆེན་གསུམ་པ་ཆུས་བཤགས་པས་ཤར་གཏོང་བྱེད་ཐབས་བྲལ།

                    3.ཚའོ་ཕོ་ཟམ་ཆེན(K2129+500)ནས་ཡེན་ཞིན་ཡུལ་ཚོའི་ལེན་ཧྲན་སྡེ་བའི(K2143+500)གྱི་བགྲོད་ལམ་བསྐྱར་བསྐྲུན་བྱེད་ཀྱིན་ཡོད་པས་ཤར་གཏོང་ཐུབ་ཀྱི་མེད།

                    4.དབྱིན་ཞུའུ(K2158+290)མཇའ་མཐུན་ཕུག་ལམ(K2177+059)ལས་ཤར་གཏོང་ཐུབ་ཀྱིན་ཡོད། 2018ལོའི་ཟླ7ཚེས8དུས་ཚོད0ནས་ཟླ8ཚེས7གྱི་དུས་ཚོད24བར། ཞོན་ཁུའུ་ཕུག་ལམ་དང་མཛའ་མཐུན་ཕུག་ཞིག་གསོ་བྱེད་ཀྱིན་ཡོད་པས་ཞོན་ཁུའུ་ཕུག་ལམ་ལས་རླངས་འཁོར་རིགས་གཅིག་ཀྱང་གཏོང་རྒྱུ་མིན་ལ། མཛའ་མཐུན་ཕུག་ལམ་གྱི་ཕྱེད་ཙམ་ལས་འགྲུལ་བ་གཏོང་རྒྱུ་ཡིན། དབྱིན་ཞུའུ་ནས་མཛའ་མཐུན་ཕུག་ལམ་བརྒྱུད་པའི་རླངས་འཁོར་དག་གིས་པེ་ཡུན་ཏེང་ཕུག་ལམ་ནས་ཧྲུའུ་ཅང་ཟམ་ཆེན་བསྐོར་ནས་འགྲོ་དགོས།

རྒྱལ་ལམ317

                   1.ཐེ་དབྱི་སྡེ་བའི(K143+860)རྩིག་གྱང་ལ་གནོད་པ་ཐེབས་པ་དང་ལམ་གྱི་རྨང་གཞི་མར་རྡིབ་ཀྱིན་ཡོད་པས་རླངས་འཁོར་གཏོང་མཁན་ཚོས་སེམས་ཆུང་བྱེད་དགོས།

                     2.ཝུན་ཁྲོན་རྫོང་ཁེ་ཀུའུ་ཡུལ་ཚོའི་ཞ་ཀྲོང་སྡེ་བའི(K149+500)མཚམས་སུ་འདམ་རུད་བྱུང་བས་སྟབས་བདེའི་བགྲོད་ལམ་ལས་ཤར་གཏོང་བྱེད་ཀྱིན་ཡོད།

2

ལིས་རྫོང་།

རྒྱལ་ལམ317

                       ཞོ་ཁྲིན་གྲོང་རྡལ་ཏྰ་ཆི་སྡེ་བའི(K177+600)མཚམས་སུ་འདམ་རུད་བྱུང་ཡོད་ན་ཡང་། སྟབས་བདེའི་བགྲོད་ལམ་ལས་ཤར་གཏོང་ཐུབ་ཀྱིན་ཡོད།

3

མའོ་རྫོང་།

རྒྱལ་ལམ347(སྔོན་གྱི་ཞིང་ཆེན་ལམ302)

                      1.ཐུའུ་མིན་ཡུལ་ཚོའི་སའན་ཡོན་ཟམ་པར(K2619+824)ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་དྲག་ཆར་བབས་ནས་ཆུ་ལོག་བྱུང་བར་བརྟེན་ལམ་གྱི་རྨང་གཞི་རྡིབ་པས་བགྲོད་ལམ་ཆད་ཡོད། མའོ་རྫོང་གཞུང་ལམ་ཡན་ལག་ཅུས་ཀྱིས་ལས་ཀ་བ་རྩ་འཛུགས་བྱས་ནས་ཉེན་ཁ་སེལ་ཐབས་བྱེད་ཀྱིན་ཡོད།

                       2.བསྟུད་མར་ཆར་བ་བབས་པའི་རྐྱེན་གྱིས་མའོ་རྫོང་ཀན་ཀུའུ་ཁྲུའུ་ཁྲང་ཁུའུ (K2626+724)ལ་ཟླ་བདུན་པའི་ཚེས་དགུའི་ཉིན་སྨི་ལྷམ་པ260རྡིབ་པས་བགྲོད་ལམ་ཆད་ཡོད།

                       3.ཝ་ཏེ་ཡུལ་ཚོའི(K2698+789)བགྲོད་ལམ་གྱི་མཐའ་སྐྱོར་སྨི་ལྷམ་པ150རྡིབ་པས་འགྲིམ་འགྲུལ་བགྲོད་ལམ་ཆད་པར་གྱུར་ཡོད།

རྒྱལ་ལམ213

                        1.ཆུ་ལོག་བྱུང་བས་ཏེ་ཞི་གྲོང་རྡལ་གྱི(K2014+559)ལམ་གྱི་རྨང་གཞི་རྡིབ་ཡོད་པ་དང་། (K2014+609)མཚམས་ཀྱི་ལམ་གྱི་རྨང་རྨང་གཞི་སྟོང་བར་གྱུར་ཡོད།(K2015+109)མཚམས་ཀྱི་ལམ་གྱི་རྨང་གཞི་ཕྱེད་ཙམ་རྡིབ་པས་བགྲོད་ལམ་ཆད་ཡོད་ལ།(K2017+100)མཚམས་ཀྱི་ལམ་གྱི་རྨང་གཞི་ཡོད་ཚད་རྡིབ་ཡོད་པས་ཤར་གཏོང་ཐུབ་ཀྱི་མེད།

                      2.ཧྲི་ཏྰ་ཀོན་ཡུལ་ཚོའི(K2016+909)ལམ་གྱི་རྨང་གཞིའི་འདབ་སྐྱོར་རྡིབ་ནས་བགྲོད་ལམ་ཆད་ཡོད།

4

ཟུང་ཆུ་རྫོང་།

རྒྱལ་ལམ213

                     ཟླ6ཚེས10ཉིན་ནས2018ལོའི་ཟླ9ཚེས15ཉིན། རྒྱལ་ལམ213 ལམ་རྒྱུད་ཀྱི་མཛོད་དགེའི་མངའ་ཁོངས་སུ་གཏོགས་པའི་ལྕང་སྡོང་སྡེ་བའི (K551+000)མཚམས་ནས་ཟུང་ཆུ་རྫོང་ཀ་རིང་ཐང (K600+000)བར་དུ་འགྲིམ་འགྲུལ་དོ་དམ་བྱས་ཡོད། འགྲུལ་སྐྱེས་རླངས་འཁོར་དང་ཟོག་འཁོར་ཆུང་བའི་རིགསདུས་ཚོད8:00-12:00,13:30-19:00བར་དུ་འགྲོ་མི་ཆོག་ལ། ཟོག་འཁོར་ཆེ་བའི་རིགས་དུས་ཚོད8:00-19:00བར་འགྲོ་མི་ཆོག(འཛུགས་སྐྲུན་རླངས་འཁོར་སོང་ན་ཆོག) དེ་ལས་གཞན་པའི་དུས་ཚོད་ནང་རྒྱུན་ལྡན་ལྟར་ཤར་གཏོང་བྱས་ཡོད།

རྒྱལ་ལམ544(སྔོན་གྱི་ཞིང་ཆེན་ལམ301)

ཤར་གཏོང་ཡིན།

རྫོང་གི་ལམ120ལམ་རྒྱུད་ཀྱི་ཕིང་ཟུང་ལམ།

ཤར་གཏོང་ཡིན།

5

གཟི་རྩ་སྡེ་དགུ་རྫོང་།

རྒྱལ་ལམ247

                   བསྟུད་མར་དྲག་ཆར་བབས་པའི་རྐྱེན་གྱིས་ཆིང་ལུང་ཟམ་པ་ནས་ཕིང་ཝུའུ་ཡི་ས་མཚམས་བར་དུ་ལམ་གྱི་རྨང་གཞིར་སྐྱོན་ཤོར་བའི་ལམ་རྒྱུད་སུམ་ཅུ་ཙམ་ཡོད། ཝུའུ་ཅའོ་ཡུལ་ཚོ་ལའོ་ཡང་ཧྲན་སྡེ་བའི(K44+700)ལམ་གྱི་རྨང་གཞི་རྡིབ་ཉེན་ཡོད་པས་ཏུན་ལྔ་ཡན་གྱི་རླངས་འཁོར་གཏོང་མི་ཆོག དེས་ན་ཁྲིན་ཏུའུ་ནས་ཟུང་ཆུ་བརྒྱུད་གཟི་རྩ་སྡེ་དགུར་ཡོང་ཆོག

རྒྱལ་ལམ544

                  ཧྲོང་ཧུ་ནས་གངས་དཀར་གླིང་བར་དུ་རྡོ་འགྲིལ་བ་དང་ལམ་ངོས་རྡིབ་པའི་ཉེན་ཁ་ཡོད་པས། རླངས་འཁོར་ཁ་ལོ་བ་དག་གིས་བདེ་འཇགས་བརྡ་རྟགས་ལ་ཞིབ་ལྟ་བྱས་ནས་འགྲོ་རྒྱུ་གལ་ཆེ།

6

ཁྲོ་ཆུ་རྫོང་།

རྒྱལ་ལམ47

                  ལམ་རྒྱུད་ཁག་འགའ་རྡོ་འགྲིལ་གྱིན་ཡོད་པས་ཉེན་བརྡའི་བྱང་བུ་བཀལ་ཡོད། ཕར་འགྲོ་ཚུར་འོང་གི་ལམ་འགྲོ་བ་དག་གིས་བདེ་འཇགས་གཟབ་རོགས།

7

འབར་ཁམས་གྲོང་ཁྱེར།

རྒྱལ་ལམ317

ཕལ་ཆེར་ཤར་གཏོང་ཡིན།

རྒྱལ་ལམ248(སྔོན་གྱི་ཞིང་ཆེན་ལམ209)

ཕལ་ཆེར་ཤར་གཏོང་ཡིན།

ཞིང་ཆེན་ལམ210

ཕལ་ཆེར་ཤར་གཏོང་ཡིན།

8

ཆུ་ཆེན་རྫོང་།

རྒྱལ་ལམ317

ཤར་གཏོང་ཡིན།

རྒྱལ་ལམ248(སྔོན་གྱི་ཞིང་ཆེན་ལམ211)

                     བསྟུད་མར་ཆུ་ལོག་དང་ཆུ་ཇེ་ཆེར་གྱུར་བའི་སྟབས་ཀྱིསK14+200、K32+700ནས800、K31+575ནས625、k30+650、K77+400、K81+200ནས500སོགས་མཚམས་དྲུག་གི་ལམ་ངོས་སུ་ཆུ་བྱོ་ཡོད་པ་རེད།

9

བཙན་ལྷ་རྫོང་།

རྒྱལ་ལམ350(སྔོན་གྱི་ཞིང་ཆེན་ལམ303)

                     ཀྲེ་ལུང་ཡུལ་ཚོའི་ཅི་ཤིན་སྡེ་བའི་སྲུབ་དཀྲུག་ས་ཚིགས་ཀྱི (K1064+063)ལམ་གྱི་རྨང་གཞིའི་ཕྱོགས་གཅིག་གི་མཐའ་སྐྱོར་རྡིབ་ཡོད་པས་འགྲིམ་འགྲུལ་དོ་དམ་བྱས་ཡོད། རླངས་འཁོར་ཡོད་ཚད་སྲུབ་དཀྲུག་ས་ཚིགས་ཀྱི་སྟབས་བདེའི་བགྲོད་ལམ་བརྒྱུད་ནས་འགྲོ་དགོས།

ཞིང་ཆེན་ལམ210

ཤར་གཏོང་ཡིན།

རྒྱལ་ལམ351(སྔོན་གྱི་ཞིང་ཆེན་ལམ210)

ཤར་གཏོང་།

10

རྔ་བ་རྫོང་།

རྒྱལ་ལམ347(སྔོན་གྱི་ཞིང་ཆེན་ལམ302)

                   1.མཚན་ཉིད་དགོན་ཞིན་རྨིན་སྡེ་བའི(K2970+700)མཚན་ཉིད་ཟམ་ཆུང་ཆུས་བཤགས་པས་བགྲོད་ལམ་ཆད་ཡོད།

                   2. 2018ལོའི་ཟླ5ཚེས10ཉིན་ནས་ཟླ8ཚེས31ཉིན་བརK1031+000-K1097+035བསྡོམ་པའི་སྤྱི་ལེ66.035དུ་འགྲིམ་འགྲུལ་དོ་དམ་བྱས་ཡོད། འགྲུལ་སྐྱེལ་རླངས་འཁོར་དང་ཟོག་འཁོར་ཆུང་བའི་རིགས་དུས་ཚོད8:00-12:00,13:30-19:00བར་དུ་འགྲོ་མི་ཆོག་པ་དང་ཟོག་འཁོར་ཆེ་བའི་རིགས་དུས་ཚོད8:00-19:00བར་འགྲོ་མི་ཆོག (འཛུགས་སྐྲུན་རླངས་འཁོར་སོང་ན་ཆོག)གོང་གི་དུས་བཅད་ལས་གཞན་པའི་དུས་ཚོད་ནང་རྒྱུན་ལྡན་ཡིན།

                   3.K1149+600མཚམས་ཀྱི་ལམ་གྱི་རྨང་གཞི35mསྟོང་བར་གྱུར་ཡོད། མིག་སྔར་ལས་ཀ་བ་རྩ་འཛུགས་བྱས་ནས་ཉེན་ཁ་མྱུར་སེལ་ལ་འབད་ཀྱིན་ཡོད།

11

མཛོད་དགེ་རྫོང་།

རྒྱལ་ལམ213

                ཀན་སུའུ་ཡི་ས་མཚམས་སུ་གནས་པའི་ལྷ་མོ་དགོན(K423+307)ནས་ཟུང་ཆུ་རྫོང་གཙོ་ཚང་དགོན་(K646+616)བར་དུ། ཟླ5ཚེས10ཉིན་ནས་ཟླ7ཚེས10ཉིན་བར་འགྲིམ་འགྲུལ་དོ་དམ་བྱས་ཡོད། འགྲུལ་སྐྱེལ་རླངས་འཁོར་དང་ཟོག་འཁོར་ཆུང་བའི་རིགས་གཞོག་གཅིག་ནས་གཏོང་གིན་ཡོད། ཟོག་འཁོར་ཆེ་བའི་དུས་བཀག་དང་ཆ་ཡའི་གྲངས་ཀ་ལ་བརྟེན་ནས་གཏོང་གིན་ཡོད། ཡ་གྲངས་ཉིན་ཟུང་ཆུ་ནས་ཡར་ལྷ་མོ་དགོན་དུ་མངགས་ཀྱིན་ཡོད་ལ། ཆ་གྲངས་ཉིན་ལྷ་མོ་དགོན་ནས་མར་ཟུང་ཆུ་རུ་མངགས་ཀྱིན་ཡོད། ཉིན་རེའི་དུས་ཚོད8:00-19:00བར་དུ་རླངས་འཁོར་གཅིག་ཀྱང་གཏོང་གི་མེད།(འཛུགས་སྐྲུན་རླངས་འཁོར་སོང་ན་ཆོག)

ཞིང་ཆེན་ལམ301 སྦྲ་ཆེན་ནས་ཟུང་ཆུའི་བར།

ཤར་གཏོང་ཡིན།

ཞིང་ཆེན་ལམ209 མཛོད་དགེ་ནས་ལྷ་རྒྱལ་གླིང་བར།

ཤར་གཏོང་ཡིན།

12

ཁྱུང་མཆུ་རྫོང་།

རྒྱལ་ལམ248(སྔོན་གྱི་ཞིང་ཆེན་ལམ209)

           1.ལྷ་རྒྱལ་གླིང་གྲོང་རྡལ་ཁང་དམར་སྡེ་བའི(K862+350)མཚམས་སུ་རི་ཉིལ་བས་གཞུང་ལམ་ཡན་ལག་ཅུས་ཀྱིས་འབད་པ་བྱས་པར་བརྟེན། ད་སྐབས་གཞོག་གཅིག་ནས་འགྲོ་འོང་བྱེད་ཆོག་པར་གྱུར་ཡོད། རླངས་འཁོར་ཆེ་བའི་རིགས་ཀྱིས་རླངས་འཁོར་དལ་མོར་གཏོང་དགོས།

            2.119+650ནསK119+700བར་གྱི་ལམ་གྱི་རྨང་གཞིར་གས་ཁ་ཤོར་ཡོད་པས་ཕྱོགས་གཅིག་ནས་རླངས་འཁོར་གཏོང་གིན་ཡོད།

            3.ཁྱུང་མཆུ་རྫོང་ཟངས་དཀར་ཡུལ་ཚོའི་ཁྲོ་ཆུའི་ལམ་མདོ་ནས་འབར་ཁམས་གྲོང་ཁྱེར་སོ་མང་ཡུལ་ཚོའི་མཁར་སྒོ་སྡེ་བའི་སན་ཅ་ཀྲེ་བར་དང་། སྦྲ་ཆེན་གྲོང་རྡལ་ནས་ཁྱུང་མཆུ་རྫོང་ལུང་ཟི་ཡུལ་ཚོའི་བར་གྱི་གཞུང་ལམ་ཞིག་གསོ་བྱེད་ཀྱིན་ཡོད་པས་འགྲིམ་འགྲུལ་དོ་དམ་བྱས་ཡོད། དོ་དམ་བྱས་པའི་དུས་ཚོད་ནང་དུ་འགྲུལ་སྐྱེལ་རླངས་འཁོར་དང་ཟོག་འཁོར་ཆུང་བའི་རིགས་དུས་ཚོད8:00-12:00,13:30-19:00བར་དུ་འགྲོ་མི་ཆོག་པ་དང་ཟོག་འཁོར་ཆེ་བའི་རིགས་དུས་ཚོད8:00-19:00བར་འགྲོ་མི་ཆོག(འཛུགས་སྐྲུན་རླངས་འཁོར་སོང་ན་ཆོག)གཞན་པའི་དུས་ཚོད་ནང་རྒྱུན་ལྡན་ལྟར་ཤར་གཏོང་བྱས་ཆོག ཕྱོགས་ཡར་མར་ལ་འགྲོ་མཁན་དག་གིས་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱས་ཏེ་རླངས་འཁོར་དལ་མོར་གཏོང་དགོས།

ཞིང་ཆེན་ལམ301(གཟི་རྩ་དང་ཁྱུང་མཆུའི་བར)

            ཟུང་ཆུ་རྫོང་ཀ་རིང་ཐང་ནས་ཁྱུང་མཆུ་རྫོང་རྨེ་བ་ཡུལ་ཚོའི་མགོན་ཐང་སྡེ་བའི་བར་གྱི་གཞུང་ལམ་ཞིག་གསོ་བྱེད་ཀྱིན་ཡོད་པས་འགྲིམ་འགྲུལ་དོ་དམ་བྱས་ཡོད། དོ་དམ་བྱས་པའི་དུས་ཚོད་ནང་དུ་འགྲུལ་སྐྱེལ་རླངས་འཁོར་དང་ཟོག་འཁོར་ཆུང་བའི་རིགས་དུས་ཚོད8:00-12:00,13:30-19:00བར་གཏོང་གི་མེད་ལ། ཟོག་འཁོར་ཆེ་བའི་རིགས་དུས་ཚོད8:00-19:00བར་གཏོང་གི་མེད། (འཛུགས་སྐྲུན་རླངས་འཁོར་སོང་ན་ཆོག)གཞན་པའི་དུས་ཚོད་ནང་རྒྱུན་ལྡན་ལྟར་ཤར་གཏོང་བྱས་ཆོག

རྒྱལ་ལམ347(སྔོན་གྱི་ཞིང་ཆེན་ལམ302)

ཤར་གཏོང་ཡིན།

13

ཛམ་ཐང་རྫོང་།

རྒྱལ་ལམ317

             ཕོ་སུལ་ཡུལ་ཚོའི་མངས་ཁོངས་ཀྱིK454+150མཚམས་སུ་འདོམ་གྲུ་བཞི་སྟོང་ལྷག་གི་བྲག་རྡོ་ཉིལ་བས་གཞུང་ལམ་བཅད་ཡོད་པ་རེད། ཛམ་ཐང་གཞུང་ལམ་ཡན་ལག་ཅུས་ཀྱིས་མི་སྣ་རྩ་འཛུགས་བྱས་ཏེ་ཉེན་ཁ་མྱུར་སེལ་ལ་འབད་ཀྱིན་ཡོད་ལ། རྦབ་རྡོ་ཆེ་དྲག་པས་འགད་གཏོར་སྡེ་ཁག་ལ་འབྲེལ་བ་བྱས་ཏེ་འགད་རྫས་འཇོག་པར་གྲ་སྒྲིག་བྱས་ཡོད། ཕལ་ཆེར་ཕྱི་དྲོའི་དུས་ཚོད་དྲུག་ཙམ་གྱི་སྟེང་བགྲོད་ལམ་གཏོད་ཐུབ་པར་ངེས།

 རྒྱལ་ལམ227

ཤར་གཏོང་ཡིན།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།