རང་རྒྱལ་གྱི་མངའ་ཁོངས་ནས་ཐེངས་དང་པོར་ཡ་གླིང་གི་འཕར་སྤྱང་པར་བླངས།

རྩོམ་པ་པོ།   དུས་ཚོད།   2018-07-12   $རྩོམ་ཁུངས།    མི་དམངས་དྲ་བ།

       ཉེ་ཆར། བོད་ལྗོངས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དབུས་རྒྱུད་ནས་པར་ལེན་མཁན་གྱིས་ཡ་གླིང་གི་འཕར་སྤྱང་ཞིག་པར་དུ་བླངས་ཡོད་པ་སྟེ། འདི་ནི་རང་རྒྱལ་གྱི་མངའ་ཁོངས་ནས་ཡ་གླིང་གི་འཕར་སྤྱང་ཐེངས་དང་པོར་པར་དུ་བླངས་པ་ཞིག་ཡིན།

       ཟླ་7ཚེས་7ཉིན་གྱི་ཆུ་ཚོད་16ཡས་མས་སུ། པར་ལེན་མཁན་ཧི་མ་ལ་ཡའི་རི་རྒྱུད་དབུས་རྒྱུད་ཀྱི་ལྷོ་ངོས། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3500ཡས་མས་ཡོད་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རོང་དུ་རྟོག་ཞིབ་བྱས་ནས་རྩི་ཤིང་དང་རི་དྭགས་པར་དུ་ལེན་པའི་སྐབས། ཝ་མོའི་རིགས་འདྲ་བའི་གཅན་གཟན་ཞིག་མཐོང་བས་པར་གསལ་བོ་ཞིག་བླངས་ཡོད་པ་རེད།

       ཚེས་8ཉིན་གྱི་ཕྱི་དྲོར། པེ་ཅིང་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་གི་ཞིབ་འཇུག་པ། རབ་འབྱམས་སློབ་མའི་དགེ་རྒན་ལི་ཧྲེན་སོགས་གྲགས་ཅན་གྱི་རིགས་གཅིག་མཁས་པས་པར་ནང་གི་སྲོག་ཆགས་ནི་ཡ་གླིང་གི་འཕར་སྤྱང་ཡིན་པ་གཏན་འཁེལ་བྱས་ཡོད་པ་དང་། ཁོང་གིས་འདི་ནི་རང་རྒྱལ་གྱིས་ཐོག་མར་དངོས་སུ་པར་བླངས་པ་ཟིན་ཐོར་བཀོད་པའི་ཐབས་ལམ་ནས་ཡ་གླིང་གི་འཕར་སྤྱང་ཀྲུང་གོར་ཁྱབ་ཡོད་པ་གཏན་འཁེལ་བྱས་པ་བཤད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།