བྲུག་འགོག་གཉེན་གཡོལ་སྐོར་གྱི་གསར་འགྱུར།

རྩོམ་པ་པོ།   ཚུལ་ཁྲིམས་རྡོ་རྗེ། གསང་བདག་སྒྲོལ་མདུས་ཚོད།   2018-07-12   $རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

འཛམ་ཐང་རྫོང་གིས་ཆར་ཞོད་ཆེ་བའི་དུས་ཀྱི་བབ་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་བཏང་།

                      ཆར་ཞོད་ཆེ་ཞིང་ཆུ་རྒྱས་པའི་དུས་ཚིགས་སླེབས་པ་དང་བསྟུན་ནས་འཛམ་ཐང་རྫོང་གིས་མི300ལྷག་གིས་གྲུབ་པའི་བྲུག་འགོག་ཉེན་སེལ་རུ་ཁག13བཙུགས་ཡོད་པ་དང་། བཀོད་འདོམས་ལྟར་ཇུས་ཐག་གཅོད་རྒྱུ་ཚན་རིག་དང་མཐུན་པ། བབ་བསྟུན་ཐག་གཅོད་ཚད་དང་ལྡན་པ། བྲུག་འགོག་ཉེན་སེལ་ཆེད་ལས་ཅན་བཅས་ཀྱི་བླང་བྱ་ལྟར། ཆར་ཞོད་ཆེ་ཞིང་ཆུ་བྲུག་པའི་དུས་ཀྱི་ཉེན་འགོག་ལས་དོན་ནན་ཏན་གྱིས་སྤེལ་བ་དང་། བབ་བསྟུན་ཐག་གཅོད་ཀྱི་ནུས་པ་ཇེ་ཆེར་གཏོང་བར་འབད་པ་ཆེན་པོ་བྱེད་བཞིན་ཡོད།

                     ཆར་མ་བབས་པའི་སྔོན་དུ་ཞིབ་བཤེར་ཆར་བའི་ཁྲོད་དུ་སྐོར་ཞིབ་ལ་འགྲོ་བ། ཆར་བབས་པའི་རྗེས་སུ་བསྐྱར་ཞིབ་དང་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་པ་དང་ཁུག་ཀྱོག་མི་ལུས་པ་བཅས་ཀྱི་རྩ་དོན་ལྟར། རྫོང་གིས་ལས་བྱེད་མི་སྣ་རྩ་འཛུགས་བྱས་ནས་སློབ་གྲྭ་དང་སྨན་ཁང་། དགོན་པ། གནོད་འཚེ་ཐེབས་ཁུལ་གྱི་གཅིག་སྡུད་བཀོད་སྒྲིག་ས་ཚིགས། ད་ལྟ་སྐྲུན་བཞིན་པའི་ཆུ་འབྲེལ་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་དང་ཨར་ལས་བྱེད་གནས་སོགས་སུ་ཟབ་ཞུགས་བྱས་ཏེ། ཚང་མར་ལྟ་ཞིབ་ཡང་དག་བྱས། གཅིག་གྱུར་ཐོག་དུས་ཚོད24ལ་ལས་རེས་བྱེད་པ་དང་འགོ་ཁྲིད་ཀྱིས་ལས་རེས་ལ་སྣེ་ཁྲིད་པའི་ལམ་ལུགས་རྒྱུན་སྐྱོང་བ་དང་། དུས་ཚོད24རིང་བརྡ་སྐྱེལ་ལ་ཐོགས་པ་མེད་པ་རྒྱུན་སྐྱོང་དང་། ནན་ཏན་གྱིས་བྲུག་འགོག་ལས་རེས་ཀྱི་ཟིན་བྲིས་འགོད་པར་མ་ཟད། ཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་། ཉེན་ཁ་བག་ལ་ཞ་བའི་གནས་ཀྱི་ལྟ་ཞིབ་ཚད་ལེན་མི་སྣས་ལས་རེས་དང་ལས་ཀ་སྲུང་བའི་གནས་ཚུལ་ལ་ཁ་པར་བརྒྱུད་དེ་ཟུར་ཞིབ་བྱེད་པ་སོགས་ཏེ། རྫོང་ཁོངས་ཡོངས་ཀྱི་བྲུག་འགོག་ཆ་འཕྲིན་ཤར་གཏོང་ཐུབ་པར་འགན་ལེན་བྱས་ཡོད། ཆེད་མངགས་འགན་ཁུར་བས་དུས་ལྟར་དང་། མགྱོགས་མྱུར་དང་། འཆུག་མེད་གནད་འཁེལ་གྱིས་སྤྱི་སྡོམ་དང་། ཞིབ་བཤེར་དང་སྙན་ཞུ་བསྒྲུབ་དགོས། ཆུ་བྲུག་པའི་གནས་ཚུལ་སྣ་ཚོགས་དང་གནོད་སྐྱོན་གྱི་གནས་ཚུལ། ཉེན་ཆེའི་གནས་ཚུལ་སོགས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། གཞི་གྲངས་གནད་དུ་འཁེལ་བར་ཁག་ཐེག་ཡོང་བ། ཆུ་ལོག་གི་གནོད་པར་ཞིབ་དཔྱད་དང་ཉེན་བརྡའི་མ་ལག་དང་འབྲེལ་ནས་དུས་ཐོག་ཏུ་གནོད་འཚེའི་ཉེན་བརྡ་ཁྱབ་སྒྲོག་བྱེད་པ། ད་སྔར་ཉེན་བརྡ་བཏང་ཟིན་པ2དང་འཕྲིན་ཐུང830བསྐུར་ཡོད་པ། ཕྱོགས་བསྡུས་བྱས་པའི་ཆར་ཆུའི་གནས་ཚུལ1315། ཕྱོགས་བསྡུས་བྱས་པའི་ཆུའི་གནས་ཚུལ2247ཡོད།

                    ལས་དོན་སྔ་སེ་ནས་ཇུས་འགོད་བྱེད་པ་དང་། ལས་འགན་སྔ་སེ་ནས་ལག་ཏུ་བསྟར་བ་དང་། བྱེད་ཐབས་སྔ་སེ་ནས་བཟོ་བའི་རྩ་དོན་ལྟར།   སྔར་ཡོད་ཀྱི་རྨང་གཞིའི་ཐོག་གང་མགྱོགས་ཀྱིས་བྲུག་འགོག་ཉེན་སེལ་གྱི་མཁོ་ཆས་དཀོན་པོའི་རིགས་ཉོས་པ་སྟེ། མིག་སྔའི་བར་རྫོང་དེས་མི་མེད་གནམ་གྲུ་གཅིག་དང་བྲུག་འགོག་གི་ལྕགས་དྲ་ཏུན20། ཉེན་གཡོལ་སྐྱོབ་ཐག50། ལྕགས་གཞབ50། བྱེད་ལས་མང་ཅན་གྱི་ཉེན་སེལ་སྐས5། ཁུག་མ3000། ཆུ་ལྷམ་ཆ90། ལག་སྒྲོན30། གྱོན་གོས་ཁྲ་ཁྲ80བཅས་གྲ་སྒྲིག་བྱས་ཡོད་པའོ།།

རྔ་བ་རྫོང་གིས་ཆུ་བྲུག་སྐབས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས།

                   རྒྱུན་མཐུན་གྱི་ཆར་བབས་ནས་གནམ་གཤིས་ཀྱི་ཤུགས་རྐྱེན་འོག ཉེ་ཆར། རྔ་བ་རྫོང་གི་ས་ཁུལ་ཁ་ཤས་ལ་ཆར་བ་འབབ་ཚད་ཅུང་ཆེ་བ་དང་། རྫོང་དེའི་བྲུག་འགོག་ཐན་འགོག་བཀོད་འདོམས་པུའུ་ཡིས་དུས་ཐོག་ཏུ་བཀོད་སྒྲིག་གནང་བ་དང་། འཕྲལ་སྡོམ་སྔོན་ཇུས་སྤེལ་བ། རྫོང་རིམ་པའི་འགོ་ཁྲིད་རྩ་འཛུགས་བྱས་ཏེ་རྫོང་ཁོངས་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ21ཏུ་ནུས་ཤུགས་ཡོད་རྒུས་བྲུག་འགོག་ཐན་འགོག་གི་ལས་ཀ་བསྒྲུབས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས།

                     མིག་སྔའི་ཛ་དྲག་ཆེ་བའི་བྲུག་འགོག་གི་དུས་བབ་དང་ཁ་གཏད་དེ་རྫོང་དེས་བྱ་ཐབས་སྣ་ཚོགས་སྤྱད་དེ་ནན་ཏན་གྱིས་བྲུག་འགོག་ཐན་འགོག་གི་ལས་ཀ་ཡག་པོར་བསྒྲུབས་པ་དང་འཕྲལ་སྡོམ་གྱི་ལས་རེས་ལ་ཤུགས་བསྣན་པ། ནན་ཏན་གྱིས་ཆུ་ཚོད24ཡི་ལས་རེས་ལམ་ལུགས་དང་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ལས་རེས་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱས་པ་དང་། སྲིད་བཀའ་དང་བརྡ་འཕྲིན་ཐོགས་མེད་ཡོང་བར་འགན་ལེན་བྱས་ཏེ་གནོད་འཚེ་བྱུང་ཚེ་དུག་ཐོག་ཏུ་སྙན་སེང་ཞུ་བ་དང་འཕྲལ་སྡོམ་གྱི་སྔོན་ཇུས་སྤེལ་བ། ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་ལ་ཤུགས་བསྣན་པ། ཆུ་བེད་དང་གནམ་གཤིས་བརྟག་དཔྱད་སོགས་ཀྱི་སྡེ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ནན་ཏན་གྱིས་ཆར་བ་འབབ་ཚུལ་དང་ཆུའི་གནས་ཚུལ། ཆུ་བྲུག་པའི་གནས་ཚུལ་སོགས་ལ་དོ་སྣང་བྱས་པ་དང་དུས་ཐོག་ཏུ་ཉེན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ། རྐྱེན་ངན་ས་ཚིགས་ཀྱི་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ། རྒྱལ་ཁབ་མངའ་ཁོངས་དང་འགྲིམ་འགྲུལ། སྡོད་ཁང་འཛུགས་སྐྲུན་སོགས་ཀྱི་སྡེ་ཁག་རྩ་འཛུགས་བྱས་ཏེ་ས་གཤིས་གནོད་འཚེ་ས་ཚིགས་དང་གཞུང་ལམ་འགྲིམ་འགྲུལ། འཛུགས་སྐྲུན་བྱེད་བཞིན་པའི་ལས་གྲྭ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་དང་ཉེན་ཁ་ལས་རིང་དུ་གཡོལ་བའི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ། འཕྲལ་མར་གྱི་གྲ་སྒྲིག་ཡག་པོར་བསྒྲུབ་པ། ནན་ཏན་གྱིས་རོགས་སྐྱོབ་སྒྲིག་ཆས་དང་སྨན་བཅོས་རོགས་སྐྱོབ་ཡོ་བྱད་དང་དེ་བཞིན་འཚོ་བའི་དངོས་ཟོག་གྲབས་གསོག་བྱས་པ། གནོད་འཚེ་བྱུང་དུས་དངོས་ཟོག་མཁོ་སྤྲོད་བྱ་ཐུབ་པ་དང་སྐྱེལ་འདྲེན་བྱ་ཐུབ་པ་དང་། དེ་བཞིན་བཀོལ་སྤྱོད་བྱ་ཐུབ་པ་ཡོང་བར་འགན་ལེན་བྱས་ཏེ་ཚད་མཐོན་པོའི་སྒོ་ནས་གྱོང་གུད་ཇེ་ཉུང་དུ་གཏང་རྒྱུའོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།