རྔ་ཁུལ་གྱི་བྲུག་འགོག་གཉེན་གཡོལ་གྱི་གནས་ཚུལ་གསར་བ་ལ་གཟིགས་རོགས།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2018-07-11   $རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


མའོ་རྫོང་།  

              མའོ་རྫོང་ལ་བསྟུད་མར་ཆར་བ་བབས་པ་དང་། གྲོང་རྡལ་དང་ཡུལ་ཚོ་21ལ་ཚད་རིམ་མི་གཅིག་པའི་གནོད་འཚེ་ཐེབས་ཡོད། རྒྱུན་ལྡན་མིན་པའི་ཛ་དྲག་གི་བྲུག་འགོག་གནས་ཚུལ་གྱི་མདུན་དུ། མའོ་རྫོང་གི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བྲུག་འགོག་གེགས་སེལ་བྱ་བར་འབད་འཐབ་བྱེད་བཞིན་ཡོད།

              མའོ་རྫོང་གི་གྲོང་རྡལ་དང་ཡུལ་ཚོ་21གི་ཏང་ཨུས་མཚན་གང་ལས་རེས་བཀོད་སྒྲིག་བྱས་ཏེ། ཏང་ཡོན་ལས་བྱེད་པ་550དང་། གྲོང་ཚོ་དང་ཚོ་ཆུང་གི་ལས་བྱེད་པ་1100 ལྷག་གིས་ལས་གནས་བརྟན་སྲུང་སྒོས་ས་གཤིས་གནོད་འཚེ་ལ་ལྟ་ཞིབ་ཚད་ལེན་སོགས་ཉེན་ཁ་ཡོད་ས་ཚང་མར་གུང་ཁྲན་ཏང་མིའི་རྒྱབ་གཟུགས་མཐོང་ཐུབ་རྒྱུ་ཡོད་པ་བྱས་པ་རེད། 

                     

               ཟླ་7པའི་ཚེས་10ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5བར་དུ། རྫོང་ཡོངས་ཀྱི་གྲོང་རྡལ་དང་ཡུལ་ཚོའི་ཁྱིམ་ཚང་316གི་མི་1226གནས་བདེ་འཇགས་ཡིན་སར་སྤོས།

                                                                                                                                          (ཀྲང་ཡ།)

 རྔ་བ་རྫོང་།

              ཉེ་ལམ། རྔ་བ་རྫོང་ཁོངས་སུ་དྲག་ཆར་གྱི་ཤུགས་རྐྱེན་ཐེབས་པས།ཞིང་ཆེན་རིམ་པའི་གཞུང་ལམ་ལམ་ཐིག་302ཀྱི་སྤྱི་ལེ་1059དང་སྨི་500མཚམས་ཀྱི་མཚན་ཉིད་ཞིབ་བཤེར་ས་ཚུགས་ཆུ་ལོག་གིས་ཁུར་པ་དང་། ལམ་ཆད་ཡོད།

               ཟླ་7པའི་ཚེས་10ཉིན་། རྔ་བ་རྫོང་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་སྡེ་ཚོགས་རྔ་བ་རྫོང་ཨུས་འཕྲལ་མར་བཟོ་ཚོགས་དང་གུང་གཞོན་ཨུ་ལྷན་གྱི་ལས་བཟོ་བ་དང་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་སྒྲིག་འཛུགས་བྱས་ཏེ། དེ་གར་ལུས་པའི་ལྗོངས་སྐོར་བ་དང་བྲུག་འགོག་ཉེན་སེལ་བྱ་བའི་ལས་བྱེད་མང་ཚོགས་ལ་སྟབས་བདེའི་ཞབས་ཞུ་མཁོ་སྤྲོད་བྱས།

                    མིག་སྔའི་བར་དུ། རིན་མི་དགོས་པར་སྟབས་ཐུག་སྒམ་40དང་། གཏེར་ཆུ་སྒམ་20། ཆམ་པའི་སྨན་དང་ཚད་སེལ་སྨན་རྫས་འགའ་མཁོ་སྤྲོད་བྱས། 

                                                                                                                                          ( ཧྲུའུ་ཆུང་མེན། ཞའེ་ཐེན་ཧྭ།)

འཛམ་ཐང་རྫོང་།

                   བསྟུད་མར་ཆར་བ་བབས་པས།  འཛམ་ཐང་རྫོང་གི་གྲོང་རྡལ་དང་ཡུལ་ཚོ་ཁག་ཅིག་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད།

              ཆར་ཆུ་འབབ་ཚད་ཆེ་དྲགས་པས་འཛམ་ཐང་རྫོང་གི་ལམ་དང་། སྡོད་ཁང་། འགག་ཁ་སོགས་ལ་གས་བཤིག་ཐེབས་ཡོད། འབྲེལ་ཡོད་མི་སྣས་འཕྲལ་མར་གནོད་འཚེ་ཕོག་སར་ཉེན་ཁ་མྱུར་སེལ་དང་བྱེ་འདམ་གཙང་སེལ་བྱས།

              མིག་སྔར། འཛམ་ཐང་རྫོང་གི་རིམ་པ་ཁག་གི་བྲུག་འགོག་སྡེ་ཚན་དང་བྲུག་འགོག་ལས་དོན་དོ་དམ་ལས་ཁུངས་ཀྱིས་ཆུ་ཚོད་24རིང་ལས་རེས་ལམ་ལུགས་དང་མགོ་ཁྲིད་ཀྱིས་ལས་རེས་སྣེ་ཁྲིད་ལམ་ལུགས་ལག་བསྟར་ནན་པོ་བྱས།

                                                                                                                                                                          (ཧུའུ་ཡོན་མའེ།)

བཙན་ལྷ་རྫོང་།

               བསྟུད་མར་དྲག་ཆར་གྱིས་བཙན་ལྷ་རྫོང་ལ་རིམ་པ་མི་འདྲ་བའི་གནོད་འཚེ་ཕོག་ཡོད། རྫོང་གི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་དང་གཞི་རིམ་གྱི་ཏང་ཡོན་བྲུག་འགོག་ཉེན་སེལ་ལས་དོན་ནང་ཧུར་ཐག་གིས་ཞུགས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཐད་ནུས་ཤུགས་ཡོད་རྒུས་འགན་ལེན་ཏན་ཏིག་བྱས།

                                                                                                                                                ( ལི་ཆིན་ཧྥེང་།)

འབར་ཁམས་གྲོང་ཁྱེར།

              འབར་ཁམས་གྲོང་ཁྱེར་དུ་གནོད་འཚེ་བྱུང་རྗེས། འབར་ཁམས་གྲོང་ཁྱེར་གྱིས་འཕྲལ་མར་བྲུག་འགོག་འཕྲལ་སྡོམ་སྔོན་ཇུས་ལག་ཏུ་བསྟར། གནོད་འཚེའི་གྱོང་གུན་ཐེབས་ཚད་ཧུར་ཐག་གིས་ཇེ་དམའ་རུ་བཏང་།

                                                                                                                                               (འབར་ཁམས་གྲོང་ཁྱེར་དྲིལ་བསྒྲགས་པུའུ།)

མཛོད་དགེ་རྫོང་།

              ཉིན་ཤས་རིང་། བསྟུད་མར་ཆར་བ་བབས་པས། མཛོད་དགེ་རྫོང་གི་གླིང་དཀར་སྡེ་བ་དང་ཧུང་ཀོང་སྡེ་བ། སྐྱ་རེངས་སྡེ་ཁུལ་བཅས་ལ་ཆུ་ལོག་རྒྱུག་ཅིང་། མཛོད་དགེ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། མངགས་གཏོང་ཁང་། དྲག་ཆས་ཉེན་རྟོག་རུ་འབྲིང་། གླིང་དཀར་སྡེ་བའི་ཆུ་རགས་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་པུའུ། མེ་ཟོན་དཔོན་དམག ཡུལ་དམག སྡེ་སྡོད་ལས་དོན་རུ་ཁག་སོགས་གཅིག་རྗེས་གཉིས་མཐུད་ངང་བྲུག་འགོག་གེགས་སེལ་གྱི་ལས་དོན་ནང་དུ་ཞུགས།

                                                                                                                                  (མཛོད་དགེ་རྫོང་ཨུ་དྲིལ་བསྒྲགས་པུའུ།)

ཝུན་ཁྲོན་རྫོང་།

                ཟླ་7པའི་ཚེས་11ཉིན། ཝུན་ཁྲོན་གྱི་ཡུལ་དམག་60དང་། མེ་ཟོན། ཉེན་རྟོག་དྲག་དཔུང་། ནགས་ཚལ་ཉེན་རྟོག་པ་150ལྷག་གིས་གྲུབ་པའི་གེགས་སེལ་འཕྲལ་སྡོམ་དཔུང་ཁག་གིས་བྱེ་མའི་འགྱིག་ཁུག་རྩིག་ཐབས་ཀྱིས་ཆུ་རགས་ཀྱི་ཆུ་བྲུག་པ་བཀག་འགོག་ནུས་ལྡན་ཐུབ་ཡོད།

                                                                                                                                              (བུའུ་ཕའེ་ཡུང་།)

 ཆུ་ཆེན་རྫོང་།

               ཟླ་7པའི་ཚེས་11ཉིན་གྱི་སྔ་དྲོའི་ཆུ་ཚོད་10སྟེང་། ཆུ་ཆེན་རྫོང་གིས་རིམ་པ་གསུམ་པའི་བྲུག་འགོག་འཕྲལ་སྡོམ་བྱ་ཐབས་སྤྱད། 

                                                                                                                                               ( ཧྥེང་ཐོའོ།)

           མིག་སྔའི་བར་དུ་རྔ་བ་ཁུལ་གྱི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དང་། ལྗོངས་སྐོར་ལམ་ཐིག་གི་གནས་ཚུལ། 

           གཅིག ཏུའུ་ཝུན་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་བགྲོད་ཐུབ།

           གཉིས། ཝུན་ཁྲོན་རྫོང་ཁོངས།

            ༡ རྒྱལ་ལམ་ལམ་ཐིག213

             ཆིན་ཕའོ(K2088+908)ནས་ཝུན་ཁྲོན་རྫོང་ཝའེ་ཀྲུའུ་གཞིས་ཁུལ་(K2102+500)ཡན་མོན་ཅང་ཧྲི་རགས་ཁ(K2098+700- K2098+800)བར་གྱི་ལམ་ཆད་ཡོད། ཉིན་དཀར་རླངས་འཁོར་ཆུང་གྲས་རིགས་ཕྱོགས་གཅིག་ནས་བགྲོད་ཐུབ། རླངས་འཁོར་ཆེ་གྲས་བགྲོད་མི་ཆོག

              ༢ རྒྱལ་ལམ་ལམ་ཐིག317

              ཝུན་ཁྲོན་རྫོང་ཁི་ཁོ་ཡུལ་ཚོ་ཞ་གྲོང་སྡེ་བ(K149+500)མཚམས་སུ་རི་རྙིལ་བྱུང་ཡོད། ཟུར་དུ་ལམ་བཏོད་ཡོད།

              གསུམ། ལིས་རྫོང་ཁོངས།

              རྒྱལ་ལམ་ལམ་ཐིག་317 ཞའེ་ཁྲེན་གྲོང་རྡལ་ཏ་ཀྲི་སྡེ་བ་(K177+600)མཚམས་སུ་རི་རྙིལ་བྱུང་ཡོད། ཟུར་དུ་ལམ་བཏོད་ཡོད། རླངས་འཁོར་བགྲོད་ཐུབ།

              བཞི། མའོ་རྫོང་ཁོངས།

              རྒྱལ་ལམ་ལམ་ཐིག་347(དེ་སྔོན་གྱི་ཞིང་ཆེན་ལམ་ཐིག་302):

              1.ཐུའུ་མོན་ཡུལ་ཚོ་སན་ཡོན་ཟམ་པ་(K2619+824)མཚམས་སུ། ལམ་ལས་བཞིན་པའི་སྒང་དང་རླངས་འཁོར་བགྲོད་མི་ཐུབ།

              2.མའོ་རྫོང་ཀན་ཀུའུ་ལུང་པའི་མདོ་ཁ་ (K2626+724)མཚམས་སུ།  ལམ་ལས་བཞིན་པའི་སྒང་དང་རླངས་འཁོར་བགྲོད་མི་ཐུབ།

              3.མའོ་རྫོང་ཐུའུ་མོན་ཡུལ་ཚོའི་ཁོངས་ཀྱི་རྒྱལ་ལམ་ལམ་ཐིག་k2617+320མཚམས་སུ་ཆུ་ལམ་ཁར་བུད་ཡོད་པས། ལམ་ལས་བཞིན་པའི་སྒང་དང་རླངས་འཁོར་བགྲོད་མི་ཐུབ།

              རྒྱལ་ལམ་ལམ་ཐིག་213 ཏེ་ཤུག་གྲོང་རྡལ་གྱི་(K2014+559)མཚམས་ཀྱི་ལམ་རྡིབ་ཡོད།(K2014+609)མཚམས་ཀྱི་ལམ་ཆུ་ལ་བསྐུར། (K2015+109)མཚམས་ཀྱི་ལམ་བཤིག་ཡོད། མེན་ཐིང་ཡོན་(K2017+100)མཚམས་ཀྱི་ལམ་ཆད་ཡོད་རླངས་འཁོར་བགྲོད་མི་ཐུབ། ཧྲི་ཏ་ཀོན་ཡུལ་ཚོའི་(K2016+909)མཚམས་ཀྱི་ལམ་ཆད་ཡོད་རླངས་འཁོར་བགྲོད་མི་ཐུབ།

              ལྔ། ཟུང་ཆུ་རྫོང་ཁོངས།

               ༡ རྒྱལ་ལམ་ལམ་ཐིག213 ཟླ་6པའི་ཚེས་10ཉིན་ནས་2018ལོའི་ཟླ་9བའི་ཚེས་15ཉིན་བར། རྒྱལ་ལམ་ལམ་ཐིག་213མཛོད་དགེ་རྫོང་ཁོངས་ལྕང་སྡོང་སྡེ་བའི་(K551+000)ནས་ཟུང་ཆུ་རྫོང་ཀ་རིང་ཉག་ག་ (K600+000)བར་དུ་འགྲུམ་འགྲིལ་བཀག་སྡོམ་བྱེད་རྒྱུ་རེད། འགྲུལ་སྐྱེལ་རླངས་འཁོར་8:00-12:00,13:30-19:00བར་བགྲོད་མི་ཆོག རླངས་འཁོར་ཆེ་གྲས་8:00-19:00བར་བགྲོད་མི་ཆོག དེར་མ་འདས་པའི་དུས་ཚོད་ནང་བགྲོད་ཆོག

               ༢ རྒྱལ་ལམ་ལམ་ཐིག་544 རླངས་འཁོར་བགྲོད་ཐུབ། 

               ༣ རྫོང་རིམ་པའི་ལམ་ཐིག་120 ཕེན་ཝུའུ་ནས་ཟུང་ཆུའི་བར་གྱི་ལམ། ལམ་ལས་བཞིན་པའི་སྒང་ཡིན།

               དྲུག གཟི་རྩ་སྡེ་དགུ་རྫོང་ཁོངས། 

                ༡ རྒྱལ་ལམ247 རླངས་འཁོར་བགྲོད་ཐུབ།  

                ༢ རྒྱལ་ལམ544རླངས་འཁོར་བགྲོད་མི་ཐུབ། 

                བདུན། ཁྲོ་ཆུ་རྫོང་ཁོངས། 

                རླངས་འཁོར་བགྲོད་ཐུབ།  

                བརྒྱད། འབར་ཁམས་རྫོང་ཁོངས། 

                ༡ རྒྱལ་ལམ 317 རླངས་འཁོར་བགྲོད་ཐུབ།  

                ༢ རྒྱལ་ལམ248 རླངས་འཁོར་བགྲོད་ཐུབ།  

                ༣ རྒྱལ་ལམ210 རླངས་འཁོར་བགྲོད་ཐུབ།  

                 དགུ། ཆུ་ཆེན་རྫོང་ཁོངས། 

                 ༡ རྒྱལ་ལམ 317 རླངས་འཁོར་བགྲོད་ཐུབ།  

                ༢ རྒྱལ་ལམ 248 ཆུ་ལོག་རྒྱུག་པས། K14+200、K32+700ནས800དང་། K31+575ནས625དང་། k30+650དང་། K77+400དང་། K81+200ནས500སོགས་ལམ་མཚམས་6ཏུ་ཆུ་ལམ་ཁར་བུད་ཡོད།

                བཅུ། བཙན་ལྷ་རྫོང་ཁོངས། 

                ༡ རྒྱལ་ལམ 350 རླངས་འཁོར་ལམ་ཕྱོགས་གཅིག་ནས་བགྲོད་ཐུབ།  

               ༢ རྒྱལ་ལམ 210 རླངས་འཁོར་བགྲོད་ཐུབ། 

               ༣ རྒྱལ་ལམ 351 རླངས་འཁོར་བགྲོད་ཐུབ། 

                བཅུ་གཅིག རྔ་བ་རྫོང་ཁོངས།

                 ༡ རྒྱལ་ལམ347རླངས་འཁོར་བགྲོད་ཐུབ།  

                ༢ 2018ལོའི་ཟླ་5བའི་ཚེས་10ཉིན་ནས་ཟླ་8པའི་ཚེས་31ཉིན་K1031+000-K1097+035བསྡོམས་པས་སྤྱི་ལེ་66.035ལ་འགྲུམ་འགྲིལ་བཀག་སྡོམ་བྱ་རྒྱུ་རེད། 

                ༣ རྒྱལ་ལམ347གྱི་K1149+600མཚམས་སུ་ལམ་ལས་བཞིན་པའི་སྒང་ཡིན།

                བཅུ་གཉིས། མཛོད་དགེ་རྫོང་ཁོངས། 

                ༡ རྒྱལ་ལམ213ལ། 2018ལོའི་ཟླ་5བའི་ཚེས་10ཉིན་ནས་ཟླ་7པའི་ཚེས་10ཉིན་བར། རྒྱལ་ལམ་213ལམ་ཐིག་ཀན་སུའུ་ལྷ་མོ་དགོན་གྱི་ས་མཚམས་(K423+307)ནས་ཟུང་ཆུ་གཙོ་ཚང་རྒུ་(K646+616)བར་འགྲུམ་འགྲིལ་བཀག་སྡོམ་བྱ་རྒྱུ་རེད། 

             ༢ ཞིང་ཆེན་རིམ་པའི་ལམ 301 རླངས་འཁོར་བགྲོད་ཐུབ། 

             ༣ ཞིང་ཆེན་རིམ་པའི་ལམ 209 རླངས་འཁོར་བགྲོད་ཐུབ། 

             བཅུ་གསུམ། ཧུང་ཡོན་རྫོང་ཁོངས། 

            ༡ རྒྱལ་ལམ248ལ། 2018ལོའི་ཟླ་5བའི་ཚེས་10ཉིན་ནས་ཟླ་8པའི་ཚེས་31ཉིན་བར། ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་ནས་ལུང་ཟི་འགག་བར་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་རེད། 

༢ རྒྱལ་ལམ 227ལ། རླངས་འཁོར་བགྲོད་ཐུབ། 

(རྔ་བ་ཁུལ་གཞུང་ལམ་དོ་དམ་ཅུས།)

གནམ་གཤིས་གནས་ཚུལ།



(རྔ་བ་ཁུལ་གནམ་གཤིས་བརྟག་དཔྱད་ཅུས།)