རང་ཁུལ་གྱི་ས་ཆ་འགའ་ལ་ཆུ་ལོག་གིས་གནོད་པ་ཐེབས་ཡོད།

རྩོམ་པ་པོ།   དུས་ཚོད།   2018-07-11   $རྩོམ་ཁུངས།   

            ཉིན་འདི་དག་གི་རིང་དུ་ཆར་བ་འབབ་ཚད་མང་བས་རང་ཁུལ་གྱི་རྫོང་སོ་སོར་ཆུ་ལོག་གིས་གནོད་པ་བྱུང་ནས།  ལུང་མདོ་དང་ཆུ་འགྲམ་སོགས་སུ་གནས་པའི་རོང་འབྲོག་མང་ཚོགས་ཀྱི་་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་པ་ཚབས་ཆེན་བཟོས།  

          རང་ཁུལ་གྱི་ཝུན་ཁྲོན་རྫོང་གི་ཡན་མིན་སྣུམ་མཛོད་ས་ཚིགས་ནས་ཝུན་ཁྲོན་རྫོང་མཁར་བར༼ སྨི༢༠༠ ༽གྱི་རྒྱལ་ལམ་ལ་གནོད་པ་བཟོས་པས་འགྲིམ་འགྲུལ་ཤར་གཏོང་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་། གཞན་མའོ་རྫོང་དང་ཁྱུང་མཆུ། རྔ་བ། ཟུང་ཆུ། ཁྲོ་ཆུ་སོགས་ས་གནས་ཁག་ཏུ་ཆུ་ལོག་གིས་ཚད་རིམ་མི་འདྲ་བའི་གནོད་པ་བཟོས་ཡོད།

རྔ་བ་རྫོང་མཚན་ཉིད་ཡུལ་ཚོར་ཆུ་ལོག་བྱུང་བའི་རྣམ་པ།

ཁྱུང་མཆུ་རྫོང་གི་འབྲོག་སར་ཆུ་ལོག་བྱུང་བའི་རྣམ་པ།

སྤྱི་ཟླ་༧ཚེས་༡༠ཉིན།  ཝུན་ཁྲོན་རྫོང་ཁོངས་ཀྱི་རྒྱལ་ལམ་༢༡༣གྱི་སྤྱི་ལེ་༨༤༨མཚམས་ཀྱི་ལམ་ཆད་པའི་རྣམ་པ།

འཛམ་ཐང་རྫོང་དུ་གནོད་པ་ཐེབས་པའི་རྣམ་པ།


ཟུང་ཆུ་རྫོང་དུ་གནོད་པ་ཐེབས་པའི་རྣམ་པ།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།