ལོ་འདིའི་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་སྤོར་ཚད་མཐོ་ཤོས་སླེབས་རྒྱུ་རེད་འདུག

རྩོམ་པ་པོ།   དུས་ཚོད།   2018-07-10   $རྩོམ་ཁུངས།     མི་དམངས་དྲ་བ།

            བསྟུད་མར་ཐེངས་གཉིས་དམའ་རུ་བཏང་རྗེས། རྒྱལ་ནང་གི་ལོ་འདིའི་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་སྤོར་ཚད་མཐོ་ཤོས་སླེབས་རྒྱུ་རེད་འདུག  རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པ་ལྟར། ད་ལྟ་ལག་ལེན་བསྟར་བའི་བཅོས་སྣུམ་རིན་གོང་གྲུབ་པ་བཞིན། 2018ལོའི་ཟླ་7ཚེས་9ཉིན་གྱི་ཆུ་ཚོད་24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་སོ་སོ་ཏུན་རེར་སྒོར་270དང་སྒོར་260སྤར་ཡོད་ཅིང་། ཐེངས་འདིའི་རིན་གོང་སྤར་བ་དེས་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཧྲེང་རེར་སྒོར་ཟུར་2ཙམ་མཐོ་རུ་བཏང་ཡོད་པ་རེད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།