དབུལ་ཕོངས་དུད་ཁྱིམ་གྱི་དབུལ་བྲལ་ཕྱུག་འགྱུར་བྱུང་བའི་རྣམ་པ་གསར་བ།

རྩོམ་པ་པོ།   དུས་ཚོད།   2018-07-10   རྩོམ་ཁུངས།   

        ཉེ་བའི་ལོ་ཤས་ཀྱི་ནང་དུ། བཙན་ལྷ་རྫོང་གིས་་དབུལ་སྐྱོར་གནད་འཁེལ་གཙོ་གནད་དུ་བཟུང་ནས། ཐོན་ལས་དབུལ་སྐྱོར་གྱི་ཕྱོགས་སུ་འབད་པ་ལྷུར་ལེན་བྱས། མ་གཏོང་ཉུང་བ་དང་། ཕན་འབྲས་མགྱོགས་པའི་ཏ་མ་ཧྲི་ཀུའི་རྒྱ་སེ་མེ་ཏོག་གཞི་རྒྱ་ཆེན་པོར་ཁྱབ་བརྡལ་བཏང་ནས། དབུལ་སྐྱོར་གྱི་རྣམ་པ་དེ་གཞན་རྟེན་ཅན་ནས་རང་རྟེན་ཅན་དུ་བསྒྱུར་བས། ད་ལྟ་རྒྱ་སེ་མེ་ཏོག་རྣམ་པར་བཞད་པའི་ས་ཆ་རུ་དབུལ་ཕོངས་སྡེ་བའི་མང་ཚོགས་རྣམས་ཀྱིས་ཕྱུག་འགྱུར་གྱི་ལམ་བུ་གསར་བ་ཞིག་རྙེད་པར་གྱུར་ཡོད།  

         དབང་བོ་སྐྱོན་ཅན་ཡུས་ཧྥོ་ལིང་ཚང་ནི་ཞིན་ཆའོ་ཡུལ་ཚོ་ཀོང་ཧོ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་ལ། འགུལ་བསྐྱོད་སྟབས་བདེ་མིན་པའི་རྐྱེན་གྱིས་2015ལོར་ས་གནས་ཡུལ་ཚོའི་ཏང་ཨུ་སྲིད་གཞུང་གི་སྣེ་ཁྲིད་འོག་རྒྱ་སེ་མེ་ཏོག་འདེབས་འཛུགས་བྱེད་འགོ་བརྩམས་པ་རེད། ཡོང་འབབ་ཤིན་ཏུ་ཉུང་བའི་སྔོན་ཆད་ཀྱི་ས་ཞིང་དེར་རྒྱ་སེ་མེ་ཏོག་འདེབས་འཛུགས་བྱས་པ་ལ་བརྟེན་ནས་ད་ལྟ་ཡུས་ཧྥོ་ལིང་གི་ཡོང་འབབ་ཇེ་ལེགས་སུ་གྱུར་བ་རེད།

         ཟླ་དྲུག་པ་ནི་རྒྱ་སེ་མེ་ཏོག་བསྡུ་བའི་དུས་ཚིགས་ཆེས་ལེགས་ཤོས་དེ་ཡིན་པས། ཉིན་རེའི་ཉིན་བྱེད་གཞོན་ནུ་ཤར་རིའི་ཕྲག་གོང་ནས་ཡར་འཕགས་པ་དང་བཙན་ལྷ་རྫོང་བསུང་ཞིམ་རྒྱ་སེ་མེ་ཏོག་འདེབས་འཛུགས་ཀུང་སིའི་ཟོང་སྐྱེལ་རླངས་འཁོར་དག་ཀོང་ཧོ་སྡེ་བར་འོང་ནས། རྒྱ་སེ་མེ་ཏོག་ཉོ་བསྡུ་བྱེད་བཞིན་འདུག སྡེ་མི་དག་གིས་ལམ་འགྲམ་ནས་གསར་དུ་བཏོག་པའི་རྒྱ་སེ་མེ་ཏོག་མཉམ་ལས་ཁང་ལ་ཐད་ཀར་འཚོང་བཞིན་འདུག་ཅིང་། ཕན་འབྲས་མཐོ་བ་དང་། སྟབས་བདེ་ཡིན་པའི་ཕྱུག་འགྱུར་ལམ་བུ་འདི་ལ་སྡེ་མི་དག་གིས་དགའ་བསུ་ཆེན་པོ་ཐོབ་པར་གྱུར། 

         ད་ལྟ་བཙན་ལྷ་རྫོང་ཞིན་ཆའོ་ཡུལ་ཚོ་ཀོང་ཧོ་སྡེ་བའི་ཏ་མ་ཀུ་ཧྲིའི་རྒྱ་སེ་མེ་ཏོག་འདེབས་འཛུགས་ས་ཁྱོན་མུའུ་300ལྷག་ཡོད་ཅིང་། འདེབས་འཛུགས་བྱེད་མཁན་གྱི་ཁྱིམ་ཚང་130ལྷག་ལ་བུད་འདུག སྔོན་རྩིས་བྱས་པ་ལྟར་ན་ད་ལོར་སྡེ་བ་ཡོངས་ཀྱིས་ཡོང་འབབ་སྒོར་ཁྲི་80ལྷག་རག་ཐུབ་པ་དང་། རྒྱ་སེ་མེ་ཏོག་ནི་དབུལ་ཕོངས་སྡེ་བའི་མང་ཚོགས་ཕྱུག་འགྱུར་དུ་ཕྱོགས་པའི་ཐབས་མཆོག་ཅིག་ཏུ་གྱུར་འདུག 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།