དགེ་བཤེས་ལྷ་རམས་པའི་སློབ་གནས་ཡིག་རྒྱུགས་འགོ་བརྩམས།

རྩོམ་པ་པོ།   དུས་ཚོད།   2018-07-04   རྩོམ་ཁུངས།    མི་དམངས་དྲ་བ།

             ཟླ་6ཚེས་29ཉིན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་དང་དགེ་བཤེས་ལྷ་རམས་པའི་གཞུང་ལས་ཁང་གིས་ཞིབ་ཕྲའི་སྒྲིག་འཛུགས་ལག་བསྟར་བྱེད་པའི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པའི་དགེ་བཤེས་ལྷ་རམས་པའི་སློབ་གནས་ལེན་པའི་དབྱར་དུས་ཀྱི་ཡིག་རྒྱུགས་འགོ་བརྩམས་པ་རེད།

            ལྷ་ས་གྲོང་ཁྱེར་གྱི་སེ་ར་དགོན་པ་དང་འབྲས་སྤུངས་དགོན་པ། དགའ་ལྡན་དགོན་པ། ར་སྒྲེང་དགོན་པ། གཞིས་རྩེ་གྲོང་ཁྱེར་གྱི་བཀྲ་ཤིས་ལྷུན་པོ་དགོན་པ། ཆབ་མདོ་གྲོང་ཁྱེར་གྱི་བྱམས་པ་གླིང་། བྲག་ཡིབ་དགོན། དབྱེན་འདུམ་དགོན། བྱང་སྟོད་དགོན། ནག་ཆུ་གྲོང་ཁྱེར་གྱི་ཞབས་བརྟན་དགོན་དང་། ཆོས་འཁོར་དགོན་བཅས་དགོན་པ་11ནས་ཡོང་བའི་ཡིག་རྒྱུགས་ནང་ཞུགས་མཁན་དགེ་འདུན་པ་12དང་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་430ལྷག་དབྱར་དུས་ཀྱི་དགེ་བཤེས་ལྷ་རམས་པའི་ཡིག་རྒྱུགས་སྐབས་ཞུགས་ཡོད་པ་རེད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།