ཝུན་ཁྲོན་རྫོང་གིས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་གསོ་སྦྱོང་སྤེལ།

རྩོམ་པ་པོ།   འོད་གསལ་མཚོ།དུས་ཚོད།   2018-07-04   $རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                      ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ལས་ཀའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཏང་དོན་ལས་བྱེད་པས་ཏང་གི་ཚོགས་ཆེན་བཅུ་དགུ་བ་ནས་ཏང་འཛུགས་སྐྱོང་གི་ལས་ཀའི་རེ་བ་གསར་བ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱ་ཆེད། ཉེ་ཆར། ཝུན་ཁྲོན་རྫོང་གིས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ལས་སྒོའི་གསོ་སྦྱོང་སྤེལ་བ་དང་། རྫོང་ཡོངས་ཀྱི་ལས་ཁུངས་ཀྱི་ཏང་དོན་ལས་བྱེད་པ86གསོ་སྦྱོང་ལ་ཞུགས།

                    གསོ་སྦྱོང་གིས་རེ་བ་གསར་བ་དམ་འཛིན་དང་། དུས་རབས་གསར་བའི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དམ་འཛིན་བྱེད་རྒྱུ་བརྗོད་བྱ་གཙོ་བོར་བྱས་ནས། རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ནང་དོན་ཡང་དག་ཁོང་དུ་ཆུད་པ། ངོས་འཛིན་གཏིང་ཟབ་བྱེད་པ་དང་། ནུས་པ་འདོན་སྤེལ་བྱེད་པ། ཞིབ་འཇུག་གཏིང་ཟབ་བྱེད་པ། ནང་དོན་བྱང་ཆུབ་པ་དང་། ཐབས་ཤེས་སྔོག་འདོན་བྱེད་པ། ཐབས་ལམ་ཡང་དག་འཚོལ་བ། དོན་འཁྱོལ་གཏིང་ཟབ་དང་གྲུབ་འབྲས་འབུར་ཐོན་བཅས་ལས། དུས་རབས་གསར་བའི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་གཞི་འཛིན་ས་དང་། འགག་རྩ། ལྟེ་བར་དམ་པོར་དམིགས་ནས་སློབ་ཁྲིད་བྱས་པས། དམིགས་སའི་རང་བཞིན་ལྡན་པ་དང་། སློབ་སྟོན་གྱི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལྡན་ལ། རྫོང་དེའི་ལས་ཁུངས་ཀྱི་ཏང་དོན་ལས་བྱེད་པར་ཏང་འཛུགས་སྐྱོང་གི་ལས་ཀའི་ཐད་ཁ་ཕྱོགས་བསྟན་པ་དང་། ཐབས་ཤེས་དང་ཐབས་ལམ་འདོན་སྤྲོད་བྱས་སོ།། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།