རྔ་ཁུལ་བོད་བརྒྱུད་ནང་བསྟན་དགོན་པའི་ཡོངས་འཛིན་བསྐོ་བཞག་ཚོགས་འདུ།

རྩོམ་པ་པོ།   མགོན་པོ་ཚེ་བརྟན།དུས་ཚོད།   2018-06-14   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                    ཟླ6པའི་ཚེས་5ཉིན། རྔ་བ་ཁུལ་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན་ཐོབ་ཐང་དཔྱད་གཏན་གདན་བསྐོས་ལས་དོན་སྐུལ་འདེད་ཚོགས་འདུ་ཧུང་ཡོན་རྫོང་ནས་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཝེ་ཀུའོ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། 

                       ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་མཐུན་ཚོགས་ཀྱི་ཚོགས་གཙོ་སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོས་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན་ཐོབ་ཐང་དཔྱད་གཏན་གདན་བསྐོས་ལས་དོན་སྐོར་ལ་ཐོབ་པའི་གྲུབ་འབྲས་དང་དེར་གནས་པའི་གནད་དོན་སོགས་ཀྱི་སྐོར་ནས་གཏམ་བཤད་པ་མ་ཟད། རྗེས་ཕྱོགས་ཀྱི་ལས་ཀར་བཀོད་སྒྲིག་བྱས།

                      ཚོགས་འདུར་ལི་ཝེ་ཀུའོ་ཡིས་ཚང་མས་བསམ་བློ་གཅིག་གྱུར་བྱས་ཏེ། འགན་ཁུར་ཕྲག་ཏུ་བླངས་ནས་ལས་ཀའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན་ཐོབ་ཐང་དཔྱད་གཏན་གདན་བསྐོས་ལས་དོན་གྱི་ཁ་གཏད་རང་བཞིན་དང་དུས་ཆོད་རང་བཞིན་ལ་ཤུགས་སྣོན་བྱས་ནས། བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན་ཐོབ་ཐང་དཔྱད་གཏན་གདན་བསྐོས་ལས་དོན་སྐོར་ལ་བསམ་འཆར་དང་རེ་བ་བཏོན། ཁོའི་བཤད་རྒྱུར། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་ཡོངས་འཛིན་ཐོབ་ཐང་དཔྱད་གཏན་གདན་བསྐོས་ལས་དོན་ནི་བོད་བརྒྱུད་ནང་བསྟན་རང་ངོས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིག་པ་མ་ཟད། ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་དོན་དངོས་བྱེད་སྟངས་ཡིན། ལས་དོན་འདི་ལེགས་པོར་སྒྲུབ་པར་དོན་སྙིང་ཆེན་པོ་ལྡན་པས་ཚང་མས་མཐོང་ཆེན་བྱེད་དགོས། བསམ་བློ་དང་ལག་ལེན་མཐུན་པར་བྱས་ནས་མཉམ་གཅིག་རང་འགན་ཕྲག་ཏུ་བླངས་ཏེ། བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན་ཐོབ་ཐང་དཔྱད་གཏན་གདན་བསྐོས་ཀྱི་ལས་དོན་གལ་ཆེན་འདི་ལེགས་པོར་སྒྲུབ་དགོས། བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན་ཐོབ་ཐང་དཔྱད་གཏན་གདན་བསྐོས་ལས་དོན་འདི་སྐུལ་འདེད་གཏོང་དགོས་དོན་ནི་འདིའི་བོད་བརྒྱུད་ནང་བསྟན་གྱི་རིག་གནས་རྒྱུད་འཛིན་དང་ཕུལ་བྱུང་གྲྭ་བའི་སྡེ་གསོ་སྐྱོང་། དེ་མིན་ཆོས་ལུགས་དང་སྤྱི་ཚོགས་གཉིས་ཕན་ཚུན་མཉམ་འདྲེས་ཡོང་བ་སོགས་ལ་ཕན་པ་ཆེན་པོ་ཡོད་པ་ང་ཚོས་ཤེས་དགོས། ཏང་སྲིད་ཀྱིས་གཙོ་འཛིན་དང་ནང་སྟན་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ནས། ཁྲིམས་མཐུན་ལུགས་མཐུན་དང་དངོས་ཐོག་བདེན་འཚོལ། འདྲ་མཉམ་དང་གོ་རིམ་ལྡན་པའི་སྒོ་ནས་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན་ཐོབ་ཐང་དཔྱད་གཏན་གདན་བསྐོས་ལས་དོན་ལ་སྐུལ་འདེད་གཏོང་དགོས། བསམ་བློ་གཅིག་གྱུར་གྱིས་ལས་ཀར་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱེད་པ་རྩ་བར་འཛིན་དགོས་པ་དང་། ལྷག་པར་དུ་ཐེངས་འདིའི་ཡོངས་འཛིན་བསྐོ་བཞག་གི་ལས་ཀ་སོ་སོ་ཚད་ལྡན་འོས་མཐུན་ཡོང་བར་འགན་ལེན་བྱེད་དགོས་པ་སོགས་ཀྱི་སྐོར་ནས་གཏམ་བཤད་གནང་།

                      ཚོགས་འདུར་ཚོགས་ཞུགས་མི་སྣ་ཚང་མ་རྩ་འཛུགས་བྱས་ནས་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན་ཐོབ་ཐང་དཔྱད་གཏན་གདན་བསྐོས་ལས་དོན་སྐོར་གྱི་གཏན་འབེབས་ཡིག་ཆར་སློབ་སྦྱོང་བྱས་པ་མ་ཟད། དཔྱད་ཞིབ་དང་འབྲེལ་བའི་དོན་ཚན་ལ་ཞིབ་འཇུག་བྱས། དེ་མིན་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན་ཐོབ་ཐང་དཔྱད་གཏན་གདན་བསྐོས་ལས་དོན་གྱི་ལག་བསྟར་ཇུས་གཞིར་བཟོ་བཅོས་དང་ཁ་ཇེ་ཚང་དུ་བཏང་ཏེ། རྗེས་ཕྱོགས་ཀྱི་དཔྱད་ཞིབ་ལས་ཀར་རྨང་གཞི་བརྟན་པོ་བཏང་།

                  ཚོགས་འདུར་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཁུལ་མི་རིགས་ཆོས་ལུགས་ཅུས། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་འགན་ཁུར་བ། རྫོང་ཁག་སོ་སོའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མགོ་ཁྲིད་དང་ཆོས་ལུགས་སྡེ་ཁག་གི་འགན་ཁུར་བ། དེ་མིན་ཡོངས་འཛིན་ཐོབ་ཐང་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་གྲུབ་མཐའ་སོ་སོའི་དཔྱད་ཞིབ་ཚོ་ཆུང་གི་ལས་སྒྲུབ་པ་རྣམས་ཚོགས་འདུར་ཞུགས་ཡོད།། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།