དགེ་འདུན་པ་རྣམས་ཀྱི་དད་མོས་རང་དབང་ལ་ཁྲིམས་ཀྱི་སྲུང་སྐྱོབ་ཡོད།

བོད་ལྗོངས་ཀྱི་དགེ་འདུན་པ་རྣམས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་ཡོད།

རྩོམ་པ་པོ།   དུས་ཚོད།   2018-06-05   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།

གཙུག་ལག་ཁང་གི་དགེ་འདུན་པ།

                ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གིས་《ཀྲུང་གོའི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་དང་ལག་ལེན་》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་པར་འགྲེམས་བྱས། ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་དགེ་འདུན་པ་ལྷག་པས་བརྗོད་རྒྱུར། དུས་རབས་གསར་པའི་སེར་མོ་བ་སྟེ། བོད་ལྗོངས་ཀྱི་དགེ་འདུན་པ་རྣམས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་ཐོབ་པ་དང་། བོད་ལྗོངས་ཀྱི་དགོན་སྡེའི་དགེ་འདུན་པས་མཚན་ཉིད་དམ་བཅའ་འཇོག་པ། ནང་བསྟན་གཞུང་ལུགས་ལ་ཐོས་བསམ་དང་སྒོམ་སྒྲུབ་བྱེད་པའི་རང་དབང་གི་ཁོར་ཡུག་ཡོད་པ་མ་ཟད། དགེ་འདུན་པ་རྣམས་ལའང་སྨན་བཅོས་འགན་སྲུང་སོགས་སྤྱི་ཚོགས་འགན་སྲུང་གི་ཐོབ་ཐང་ལོངས་སུ་སྤྱད་ཆོག དེར་བརྟེན་ཁོས་བསམ་པར་དགེ་འདུན་པ་རྣམས་ཀྱིས་“རབ་ཏུ་བྱུང་ནས་རྒྱལ་གཅེས་མི་བརྗེད་པ་དང་། སྒོམ་སྒྲུབ་བྱེད་སྐབས་འཇིག་རྟེན་སྐྱོབ་པར་”བྱེད་དགོས།

དགའ་ལྡན་དགོན་པའི་དགེ་འདུན་པ།

              2015ལོར་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་དོན་ཁང་གིས་འགྲེམས་སྤེལ་བྱས་པའི་《མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་ལྗོངས་སུ་རྒྱལ་ཁའི་ངང་ལག་བསྟར་བྱས་པ་》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཏུ་བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔར་བོད་ལྗོངས་སུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སྣ་ཚོགས་1700ལྷགདང་གྲྭ་བཙུན་ཁྲི་4.6ལྷག་ཙམ་ཡོད། དུས་རབས་20པའི་ལོ་རབས་80པ་ནས་བཟུང་། ཀྲུང་དབྱང་སྲིད་གཞུང་གིས་རིམ་རྩིས་བྱས་ན་དངུལ་སྒོར་དུང་ཕྱུར་14ལྷག་ཙམ་བཏང་ནས་བོད་ཀྱི་རིག་དངོས་དང་གཙོ་གནད་དགོན་སྡེར་གཞི་ཁྱོན་ཆེ་བའི་ཉམས་གསོ་བྱས།

བྱམས་པ་གླིང་དགོན་པའི་དགེ་འདུན་པས་ཆོས་ཀྱི་དགོངས་དོན་ལ་བགྲོ་གླེང་བྱེད་བཞིན་པ།

                       བོད་ལྗོངས་ཆབ་མདོའི་བྱམས་པ་གླིང་དགོན་པ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་སྡེ་ཆེས་ཆེ་བ་ཡིན། 2013ལོ་ནས་བཟུང་། བོད་ལྗོངས་ཀྱིས་བྱམས་པ་གླིང་དགོན་པའི་གནའ་བོའི་བཟོ་སྐྲུན་དང་ཚོགས་ཆེན་འདུ་ཁང་། བཙན་ཁང་ཆེན་མོ། པར་ཁང་སོགས་གནའ་བོའི་འཛུགས་སྐྲུན་ཁག་3ལ་སྔ་རྗེས་སུ་ཉམས་གསོ་བྱས། ད་ཆ་གྲྭ་བཙུན་རྣམས་ཀྱི་ཐོས་བསམ་སློབ་སྦྱོང་གི་ཁོར་ཡུག་གསར་པར་སྒྱུར་བ་མ་ཟད། དགོན་པའི་རིག་དངོས་འབོར་ཆེན་དང་གནའ་བོའི་བཟོ་སྐྲུན་ལ་སྲུང་སྐྱོང་དང་ཉམས་གསོ་ཐོབ་ཡོད།

གཙུག་ལག་ཁང་གི་དགེ་འདུན་པ།

                     རྒྱབ་ཤ་དཀར་པོའི་དེབ་ཏུ་བརྗོད་དོན། བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ཆེན་པོ་ཁག་གིས་སྲོལ་རྒྱུན་གྱི་བྱེད་སྒོ་རྒྱུན་ལྡན་ངང་སྤེལ་བ་དང་། ཆོས་ལུགས་བྱེད་སྒོ་ཆེ་གྲས་དཔེར་ན། གནས་རི་དང་གནམ་མཚོ་བསྐོར་བ། ས་ག་ཟླ་བ། གོས་སྐུ་གཤམ་པ། གར་འཆམ་སོགས་མང་ཚོགས་རང་བཞིན་གྱི་ཆོས་ལུགས་བྱེད་སྒོ་ཆེ་གྲས་ཁག་40ལྷག་ཙམ་སྲུང་སྐྱོབ་དང་རྒྱུན་འཛིན་ཐོབ་ཡོད།

གཙུག་ལག་ཁང་གི་དགེ་འདུན་པས་གླེང་མོལ་བྱེད་བཞིན་པ།

                   བོད་ལྗོངས་ཀྱིས་ཉེ་བའི་ལོ་ཤས་ནང་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་དོན་འཁྱོལ་གནང་ཡོད། དཔྱད་གཞི་གསར་ཤོས་ལྟར་ན། བོད་ལྗོངས་ཀྱིས་མི་བརྒྱ་ཡན་ཡོད་པའི་དགོན་སྡེ་45རུ་རྒན་གསོ་ཁང་བསྐྲུན་པའི་སྲིད་ཇུས་ལག་བསྟར་བྱས། གཞན་ཡང་བོད་ལྗོངས་ཡོངས་ཀྱི་གྲྭ་བཙུན་གྱི་ནད་བཅོས་འགན་འཛིན་དང་རྒན་གསོ་འགན་བཅོལ། མ་མཐའི་འཚོ་བའི་འགན་སྲུང་སོགས་སྤྱི་ཚོགས་འགན་སྲུང་ལོངས་སྤྱོད་བྱས་ཆོག

བྱམས་པ་གླིང་དགོན་གྱི་དགེ་འདུན་པའི་དུས་རྒྱུན་གྱི་འཚོ་བ།

                   ལོ་ངོ་མང་པོའི་རིང་། ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྤྱི་དམངས་ཀྱི་ཆོས་དད་རང་མོས་ཀྱི་ཁེ་དབང་ལ་བརྩི་འཇོག་གང་ལེགས་དང་། ཆོས་ལུགས་སྣ་ཚོགས། གྲུབ་མཐའ་ཁག་ལ་འདྲ་མཉམ་གྱི་སྒོ་ནས་བརྩི་འཇོག་དང་སྲུང་སྐྱོང་ཐོབ་པ་དང་། རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་བ་དང་ཆོས་ལུགས་ལ་དད་མོས་བྱེད་པར་ཁྲིམས་ལུགས་ཀྱིས་འགན་སྲུང་ཐོབ་ཡོད། 2018ལོའི་ཟླ་3པའི་ཚེས་7ཉིན། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱིས་སུའེ་ཙེར་གྱི་རི་ནེ་ཝའི་དབན་གོ་ཕོ་བྲང་དུ་གཉེར་བའི་“བོད་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་”ཕྱོགས་མང་ཚོགས་འདུའི་སྟེང་། བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ལ་འབད་བརྩོན་དང་དེ་ལས་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་ཞིབ་མོ་གནང་།

གཙུག་ལག་ཁང་གི་དགེ་འདུན་པ་རྣམས་ནང་ཚོགས་གྲོལ་ཏེ་མལ་ཁང་གི་ཕྱོགས་སུ་བསྐྱོད་བཞིན་པ།

                   ཚོགས་འདུའི་སྟེང་། ཆོས་ལུགས་དད་མོས་རང་དབང་སྐོར་གྱི་དྲི་བར་ལན་བསྐྱོན་སྐབས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་གྱིས་བརྗོད་རྒྱུར། བོད་རྙིང་པའི་སྐབས་སུ་གྲྭ་བཙུན་རྣམས་ཀྱི་འཚོ་གནས་ལ་ཧ་ཅང་དཀའ་ཁག་ཆེ། ད་དུང་བཤུ་གཞོག་དང་གཉའ་གནོན་སྣ་ཚོགས་མྱོང་དགོས། ད་ལྟ་བོད་ཀྱི་རབ་ཏུ་བྱུང་བའི་གྲྭ་བ་དང་བཙུན་མའི་གཞི་རྩའི་འཚོ་བའི་འགྲོ་གྲོན་རྣམས་སྲིད་གཞུང་གིས་ཁ་གསབ་གནང་བ་དང་། གྲྭ་བཙུན་ཚང་མར་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་ཡོད། དུས་རབས་20པའི་ལོ་རབས་80པའི་ཚུན་དུ། རྒྱལ་ཁབ་ཀྱིས་ལོ་ལྟར་ཆེད་སྤྱོད་མ་དངུལ་བཏང་ནས་དགོན་སྡེ་ཉམས་གསོ་དང་སྲུང་སྐྱོང་བྱེད་བཞིན་ཡོད། དེར་བརྟེན་བོད་ཀྱི་ཆོས་ལུགས་དད་མོས་རང་དབང་ཡིན་པ་མིག་མཐོང་ཀུན་གསལ་ཡིན།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།