ཟུང་ཆུ་རྫོང་པེ་དབྱང་ཡུལ་ཚོའི་ཐོན་ལས་དབུལ་སྐྱོར་ལ་འབྲས་བཟང་སྨིན།

རྩོམ་པ་པོ།   གསང་བདག་སྒྲོལ་མས་བསྒྱུར།དུས་ཚོད།   2018-06-05རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             ད་ལོ་ནས་བཟུང་། ཟུང་ཆུ་རྫོང་པེ་དབྱང་ཡུལ་ཚོས“ནགས་རིའི་དཔལ་འབྱོར་ལྗོང་མདོག་ངང་འཕེལ་རྒྱས”དང“ཀྲི་པུའུ་དང་དབུལ་ཕོངས་ཁྱིམ་ཚང”སོགས་སྦྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་སྤྱད་པ་དང་། ཐོན་ལས་དབུལ་སྐྱོར་དམ་པོར་བཟུང་སྟེ་གྲོང་མིའི་ཡོང་འབབ་འཕར་བར་སྐུལ་འདེད་བཏང་ཡོད།

            ཁྱིམ་ཚང་དུ་ཐོན་ལས་དམ་པོར་འཛིན་པ། དབུལ་ཕོངས་ཁྱིམ་ཚང94ལྟ་སྐུལ་སློབ་སྟོན་བྱས་ཏེ་ཁྱིམ་ཚང་དུ་ཐོན་ལས་ལག་བསྟར་བྱས་ཤིང་། ཀྲུང་ལུགས་སྨན་རྫས་མུའུ300འདེབས་འཛུགས་བྱས་པ་དང་། ཕག150ལྷག་གསོས་ཤིང་ཡོང་འབབ་སྒོར་ཁྲི120འཕར་ཡོད་ལ། གྲོང་ཚོ8ཀྱི་དབུལ་ཕོངས་ཏང་ཡོན་དབུལ་སྐྱོར་གནད་འཁེལ་གྱི་དཔེ་སྟོན་རྣམ་གྲངས་ལེགས་གྲུབ་བྱུང་ཡོད་པ་དང་མ་དངུལ་སྒོར་ཁྲི16བཏང་སྟེ་ཀྲུང་ལུགས་སྨན་རྫས་མུའུ16འདེབས་འཛུགས་བྱས་པ་དང་། སྦྲང་མ་སྒམ200ལྷག་གསོ་སྤེལ་བྱས་ཤིང་ཡོང་འབབ་སྒོར་ཁྲི14ཡོད་པ་སྔོན་དཔག་བྱེད་ཐུབ།

           ཐུན་མོང་གི་ཐོན་ལས་དམ་པོར་འཛིན་པ། པན་པེན་ཅེ་གྲོང་སྡེ་དང་ཧྲང་ཧོ་པ་གྲོང་སྡེ་ཡི་མུའུ200ལྷག་གི་རྩྭ་པད་མའི་རྟེན་གཞི་ལེགས་གྲུབ་བྱུང་ཡོད་པ་དང་། ཟུང་ཆུ་རྫོང་ཧྲི་ཀྲེན་སྨན་རྫས་འདེབས་འཛུགས་ཚད་ཡོད་ཀུང་སི་ནང་འདྲེན་དང་སློབ་སྟོན་བྱས་པར་མ་ཟད། དབུལ་ཕོངས་ཁྱིམ་ཚང16དང་མཉམ་དུ་ལས་གཉེར་བྱེད་པའི་གྲོས་མཐུན་བཞག་པ་དང་། འདེབས་འཛུགས་དང་གསོ་སྤེལ་ཁྱིམ་ཚང་ཆེན་མོ་གསུམ་འཕེལ་རྒྱས་བཏང་སྟེ་དབུལ་ཕོངས་མང་ཚོགས52ལ་ལས་གནས་མཁོ་སྤྲོད་བྱས་ཤིང་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱས།

         ཚོང་རྟགས་བཟོ་བ་དམ་པོར་འཛིན་པ། པེ་དབྱང་ཡུལ་ཚོའི་སྐྱེ་ཁམས་ནགས་ཚལ་དང་མིས་བཟོས་ནགས་ཚལ་གྱི་ཆེད་ལས་མཉམ་ལས་ཁང་དང་། པེ་དབྱང་ཡུལ་ཚོའི“སན་མུའུ”སྨན་རྫས་འདེབས་འཛུགས་སོགས་ཆེད་ལས་མཉམ་ལས་ཁང11གསར་དུ་བཙུགས་ཡོད་པ་དང་། ནུས་ཤུགས་ཡོད་རྒུས“པའེ་ཚའོ་ཧོ”ཆང་དང“པའེ་དབྱང་ཧྭ”སྦྲང་རྩི་གཙོར་བྱས་པའི་ཁྱད་ལྡན་གྱི་ཐོན་ལས་བཟོ་བར་སྐུལ་འདེད་བཏང་ངོ་།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།