མི་སེམས་སྒུལ་བའི་པར་རིས་རྩ་ཆེན་བཅུ།

རྩོམ་པ་པོ།   དུས་ཚོད།   2018-06-04རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པ་གཉིས་ཀྱིས་གད་སྙིགས་ཁྲོད་བཀོལ་སྤྱོད་བྱེད་ཆོག་པའི་དངོས་པོ་འཚོལ་བཞིན་པ།

དམག་འཁྲུག་མཇུག་སྒྲིལ་རྗེས་ཨ་ཕས་དམག་འཁྲུག་ལས་ཕྱིར་ཐོན་པའི་རང་གི་བྱིས་པར་དམ་པོར་འཁྱུད་བཞིན་པ།

བུ་མོ་ཆུང་ཆུང་ཞིག་གིས་ཤི་ཟིན་པའི་ཙི་གུ་ཞིག་པང་དུ་བླངས་ནས་བསྡད་ཡོད་ལ། དེ་ནི་ཁོ་མོའི་དུས་ཡུན་རིང་པོ་ཞིག་གི་ཁ་ཟས་ཡིན།

མཚོ་དམག་གི་འདས་མཆོད་སྟེང་དུ་ཁྱི་རྒན་ཞིག་གིས་རང་གི་བདག་པོར་མྱ་ངན་ཞུ་བཞིན་པ།

འབྲས་སྐྲན་ནད་བྱུང་བའི་བུ་མོ་ཆུང་ཆུང་ཞིག་གིས་ཁོ་མོའི་དེ་སྔོན་གྱི་སྐྲ་ལོ་མེ་ལོང་ངོས་སུ་འབྲི་བཞིན་པ།

ཁྱི་རྒནSchroepལ་གྲུམ་ནད་བྱུང་ཡོད་པས་བདག་པོJohn Ungerགྱི་ཁྱིམ་དང་ཐག་ཉེ་བའི་འཚེའུ་ནང་བསྡད་ཚེ་ད་གཟོད་བདེ་སྣང་གི་གཉིད་ལ་ཡུར་ཐུབ་པ་ཡིན།ལོ་ན41ལ་སོན་པའི་བདག་པོJohn UngerJདངSchroepགཉིས་མཉམ་དུ་འགྲོགས་ནས་ལོ་ཟླ19འགོར་ཡོད། ཁོས་ཉིན་རྒྱུནSchroepཔང་དུ་བླངས་ནས་འདི་ལྟར་གཉིད་ལ་འགུགས་བཞིན་ཡོད།

ཨ་མ་ཞིག་གིས་སྲོག་ལ་མ་འཛེམ་པར་རང་གི་བྱིས་པར་སྲུང་སྐྱོབ་བྱེད་བཞིན་པ།

ངོ་མཚར་བའི་འཁྲབ་སྟོན་གྱི་མདུན་དུ། ལྟད་མོ་བ་དག་གིས་དབང་བོ་སྐྱོན་ཅན་གྱི་སྐྱེས་པ་ཞིག་ཡར་བཀྱགས་ནས་འཁྲབ་སྟོན་ལ་ལྟ་རུ་འཇུག་བཞིན་པ།

གཡོན་ཕྱོགས་ཀྱི་འདྲ་པར་སྟེང་གི་བྱིས་པ་འདི་གཉིས་ཀའི་ཕུགས་བསམ་ནི་མེ་གསོད་རུ་མི་དང་ཉེན་རྟོག་པ་རེད། ལོ་ཉི་ཤུའི་རྗེས་སུ་ཁོ་གཉིས་ཀྱི་ཕུག་བསམ་མངོན་འགྱུར་བྱས་ལ་འདིའི་རྒྱབ་ཀྱི་ངལ་བ་ཁོ་གཉིས་མ་གཏོགས་གཞན་སུ་ཡིས་ཤེས།

                       གོང་གི་པར་རིས་དག་ནི་འཛམ་གླིང་གསར་འགྱུར་སྨྱན་བྱད་ཆེན་མོ་ཁག་གི་གསར་འགོད་པས་བླངས་པའི་འདྲ་པར་རྩ་ཆེན་གྲས་ཡིན། པར་འདི་བསྐྱོན་མཁན་ཚོས་ཟུར་མི་འདྲ་བའི་སྒོ་ནས་སྐབས་དེའི་ཟང་ཟིང་ཁོར་ཡུག་ཁྲོད་ཆེས་ཛ་དྲག་དང་ཉེན་ཁ་ཆེ་བའི་དོན་རྐྱེན། སྤྱི་ཚོགས་ཀྱི་འགལ་ཟླ་བཅས་མཚོན་པར་བྱས་ཡོད་པས། ང་ཚོ་མིའི་རིགས་ཀྱི་མཉམ་འཇོག་བྱེད་ཡུལ་དང་བསམ་གཞིག་བྱེད་ཡུལ་དུ་གྱུར་ཡོད་པར་སྣང་ཞིང་རིན་ཐང་ཆེན་པོ་ལྡན་ཡོད། །

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།