འཛམ་ཐང་རྫོང་གིས་ཞིང་ལས་འགན་བཅོལ་གྱི་དྲིལ་སྒྲོག་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།   ཆོས་རྒྱས།དུས་ཚོད།   2018-06-01   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                 ཞིང་ལས་ཐོན་སྐྱེད་ཀྱི་ཉེན་ཁ་ཇེ་དམའ་རུ་གཏང་ཕྱིར་དང་། ཞིང་ལས་ཐོན་ལས་དབུལ་སྐྱོར་གྱི་ལས་དོན་བདེ་ལེགས་ཡོང་བར་རམ་འདེགས་ཐོབ་ཕྱིར་དུ། ཉེ་ཆར་འཛམ་ཐང་རྫོང་ཞིང་ཕྱུགས་ཆུ་བེད་ཅུས་ཀྱིས་ཀྲུང་ཧང་ཨན་མིང་རྒྱུ་ནོར་འགན་སྲུང་ཚད་ཡོད་ཀུང་སིའི་རྔ་ཁུལ་ལྟེ་གནས་ཡན་ལག་ཀུང་སི་དང་མཉམ་དུ་ཡུལ་གྲོང་11ཏུ་སོང་སྟེ་ཞིང་ལས་འགན་སྲུང་གི་དྲིལ་སྒྲོག་ལས་དོན་སྤེལ་འདུག

               ཐེངས་འདིའི་དྲིལ་སྒྲོག་བྱེད་སྒོ་རུ་དྲིལ་སྒྲོག་ཡིག་ཆ་བཀྲམ་པ་དང་། དྲིལ་སྒྲོག་སྤྱི་བསྒྲགས་སྦྱར་བ། གྲོང་བ་དང་ཁ་བརྡ་གློད་པ་སོགས་དྲིལ་སྒྲོག་གི་ཐབས་ལམ་མང་པོའི་སྒོ་ནས་མང་ཚོགས་ལ་ཞིང་ལས་འདེབས་འཛུགས་ཀྱི་འགན་སྲུང་གི་བཟང་ཆ་དང་། དོན་སྙིང་། འགན་སྲུང་གི་རྣམ་པ། སྐྱིན་ཚབ་ཀྱི་ཚད་གཞི་སོགས་ཀྱི་ནང་དོན་བསྒྲགས་ཡོད།

              རྒྱུས་ལོན་པ་ལྟར་ན་ཐེངས་འདིའི་དྲིལ་སྒྲོག་བྱེད་སྒོ་རུ་ཁྱོན་མང་ཚོགས་1050ཡི་འདྲི་རྩད་དང་ལེན་བྱས་ཤིང་། དྲིལ་སྒྲོག་ཡིག་ཆ་500ལྷག་བཀྲམ་ལ། ཡུལ་དངོས་སུ་ཐེངས་457ལ་སྲིད་ཇུས་འགྲེལ་བཤད་བྱས་ཡོད། རྫོང་ཡོངས་སུ་ཞིང་ལས་འགན་བཅོལ་གྱི་དྲིལ་སྒྲོག་དང་སྐུལ་འདེད་བཏང་སྟེ། ཞིང་ལས་འགན་བཅོལ་གྱི་དོན་སྙིང་དམངས་ཀྱི་སེམས་གཏིང་དུ་ཐིམས་པར་བྱས་ནས་འགན་བཅོལ་དུ་ཞུགས་པའི་འདུ་ཤེས་མཐོ་རུ་བཏང་བ་མ་ཟད། མང་ཚོགས་འདེབས་འཛུགས་ལས་རིགས་ཀྱི་སྒྲིག་གཞིའི་སྙོམས་སྒྲིག་དུ་ཞུགས་པ་དང་། ཞིང་ལས་ཐོན་སྐྱེད་ཀྱི་ཉེན་གཡོལ་ནུས་པ་མཐོ་རུ་གཏང་བར་དོན་སྙིང་ངེས་ཅན་ལྡན་ནོ།། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།