དྲུག་གཅིག་བྱིས་པའི་དུས་ཆེན་གྱི་བྱུང་བ།

རྩོམ་པ་པོ།   ནོར་བུས་བསྒྱུར་སྒྲིག་བྱས།དུས་ཚོད།   2018-05-31   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               

བྱིས་པ་ནི་རྒྱལ་ཁབ་ཀྱི་འབྱུང་འགྱུར་དང་མི་རིགས་ཀྱི་རེ་བ་ཡིན།  ཁྱིམ་ཚང་དང་སྤྱི་ཚོགས།  དེ་མིན།  སློབ་སྦྱོང་གི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཏེ། ཁོ་ཚོ་བདེ་ཐང་ལྡན་པ་དང་སྤྲོ་སེམས་ལྡན་པ།བདེ་སྐྱིད་ལྡན་པའི་ངང་འཚར་ལོངས་འབྱུང་དུ་འཇུག་རྒྱུ་ནི་ནམ་ཡང་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་འབད་བརྩོན་བྱེད་པའི་དམིགས་འབེན་ཡིན། ལོ་རེའི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ནི་ཆེད་དུ་བྱིས་པ་རྣམས་ལ་བཙུགས་པའི་དུས་ཆེན་ཞིག་ཡིན།

             རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་བྱུང་བ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རིང་བྱུང་བའི་དམར་གསོད་ཐེངས་ཤིག་དང་འབྲེལ་བ་ཡོད་དེ། འཇར་མན་ཧྥ་ཤི་སིས་ཅེ་ཁེའི་ལེ་ཏེའི་གྲོང་ཚོ་ཡི་ལོ 16 ཡན་གྱི་སྤྱི་དམངས་སྐྱེས་པ140 མེ་མདས་བསད་པ་དང་། བྱིས་པ་དམར་འབྱར་དང་འབྲེལ་ཡོད་བུད་མེད་ཡོངས་རྫོགས། དེ་མིན་བྱིས་པ90 བཀག་སྐྱིལ་གྱིས་གཅིག་སྡུད་བཙོན་སྒར་དུ་ཁྲིད།  སྡེ་བའི་ནང་གི་སྡོད་ཁང་དང་བཟོ་བཀོད་ཚང་མ་མེར་བསྲེགས་ཏེ་གྲོང་ཚོ་གཅིག་འདི་ལྟར་འཇར་མན་ཧྥ་ཤི་སིས་བརླག  འཛམ་གླིང་དམག་ཆེན་ཐེངས་གཉིས་པ་མཇུག་བསྒྲིལ་རྗེས་འཛམ་གླིང་ས་གནས་ཁག་གི་དཔལ་འབྱོར་ཉམས་རྒུད་དུ་གྱུར་བ་དང་བཟོ་བ་ཁྲི་སྟོང་མང་པོའི་ལས་ཀ་ཤོར་བ་སོགས་ཀྱིས་བཀྲེས་སྐོམ་གྱིས་མནར་བའི་འཚོ་བ་རོལ་བཞིན་ཡོད། བྱིས་པའི་གནས་བབ་དེ་ལས་ཀྱང་སྡུག་པོ་ཆགས་ཏེ།  འགོས་ནད་ཕོག་སྟེ་ཁག་དང་ཁག་བྱས་ནས་ཤི་བ་དང་ལ་ལ་གཞན་གྱིས་བཙན་གྱིས་ལས་གཡོག་བྱེད་དུ་བཅུག་ནས་མནར་གཅོད་ཚད་མེད་མྱངས་པས། འཚོ་བ་དང་ཚེ་སྲོག་ལ་འགན་སྲུང་མ་ཐུབ་པ་རེད། ལེ་ཏེའི་དམར་གསོད་དོན་རྐྱེན་དང་འཛམ་གླིང་ཡོངས་ཀྱི་དམག་འཁྲུག་ཁྲོད་འདས་པའི་བྱིས་པ་ཡོངས་ལ་མྱ་ངན་ཞུ་བ། བྱིས་པར་མནར་གཅོད་དང་སྡུག་ལས་གཏོང་བར་ངོ་རྒོལ། དེ་བཞིན་བྱིས་པའི་དབང་ཆ་འགན་ལེན་བྱ་ཆེད། 1949ལོའི་ཟླ11པར། རྒྱལ་སྤྱིའི་དམངས་གཙོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་འཛིན་ཚོགས་འདུ་མོ་སི་ཁོར་འཚོགས། རྒྱལ་ཁབ་ཁག་གི་འཐུས་མིས་བཙན་རྒྱལ་རིང་ལུགས་པ་དང་རྒྱལ་ཁབ་ཁག་གི་ལོག་སྤྱོད་ཕྱོགས་ཁག་གིས་བྱིས་པ་དམར་གསོད་བྱེད་པ་དང་སྡུག་ལས་གཏོང་བར་ཁོང་ཁྲོའི་སྒོ་ནས་ཐེར་འདོན་བྱས། འཛམ་གླིང་རྒྱལ་ཁབ་ཁག་གི་བྱིས་པར་འཚོ་གནས་དབང་ཆ་དང་བདེ་སྲུང་དབང་ཆ། སློབ་གསོ་མྱོངས་པའི་དབང་ཆ་འགན་ལེན་བྱེད་པ་དང་བྱིས་པའི་འཚོ་བ་ལེགས་བཅོས་གཏོང་ཆེད། ལོ་རེའི་ཟླ6པའི་ཚེས1ཉིན་འདི་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དུ་གཏན་འཁེལ་གནང་། སྐབས་དེར་རྒྱལ་ཁབ་མང་པོས་གནས་ཚུལ་འདིར་བསྟོད་བསྔགས་བྱས།  ལྷག་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་དག་གིས་བསྟོད་བསྔགས་ཆེན་པོ་བྱས།

            འཛམ་གླིང་ན་རྒྱལ་ཁབ་མང་པོ་ཞིག་གིས་ཟླ6ཚེས1ཉིན་བྱིས་པའི་དུས་ཆེན་ཡིན་པར་གཏན་འཁེལ་བྱས་པ་དང་།    ཡོ་རོབ་དང་ཨ་མེ་རི་ཁའི་གླིང་གི་རྒྱལ་ཁབ་ཁག་ནས་བྱིས་པའི་དུས་ཆེན་གྱི་དུས་ཚོད་ཀྱང་མི་འདྲ་བ་མ་ཟད།  སྤྱི་ཚོགས་སྤྱི་དམངས་རང་བཞིན་གྱི་རྟེན་འབྲེལ་བྱེད་སྒོ་འཚོགས་པ་ཡང་ཤིན་ཏུ་ཉུང་། དེར་བརྟེན་མི་རྣམས་ཀྱིས་ཟླ 6 ཚེས1ཉིན་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དེ་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཁོ་ནས་མ་གཏོགས་རོལ་གྱིན་མེད་པའི་གོ་ནོར་ཐེབས་བཞིན་ཡོད།

           འཛམ་གླིང་ཡོངས་ཀྱི་བྱིས་པའི་ཁེ་དབང་འགན་སྲུང་བྱེད་ཆེད1949ལོའི་ཟླ11 པར། རྒྱལ་སྤྱིའི་དམངས་གཙོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལག་བསྟར་ཨུ་ཡོན་ལྷན་ཚོགས་འཚོགས་པ་དང་། ལོ་རེའི་ཟླ6པའི་ཚེས1ཉིན་དེ་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དུ་གཏན་འཁེལ་གནང་། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས1949ལོའི་ཟླ12པའི་ཚེས23ཉིན་ཀྲུང་གོའི་བྱིས་པའི་དུས་ཆེན་དང་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གཅིག་གྱུར་ཡོང་བར་བྱས།

          1925ལོའི་ཟླ8པར་འཛམ་གླིང་གི་རྒྱལ་ཁབ54ཡི་འཐུས་མི་སུའེ་ཙེར་གྱི་རི་ནེ་ཝར“བྱིས་པའི་བདེ་སྐྱིད་རྒྱལ་སྤྱིའི་ཚོགས་ཆེན”འཚོགས་ནས་བྱིས་པ་ལ་གཅེས་སྤྲས་བྱ་དགོས་པ་དང་བྱིས་པའི་ཕན་བདེའི་འགན་སྲུང་གི་བསྒྲགས་གཏམ་བཀྲམ། རྒྱལ་སྤྱིའི་བྱིས་པའི་བདེ་སྐྱིད་ཡར་སྐུལ་ལྷན་ཚོགས་ནས་བྱིས་པའི་དྲན་གསོའི་ཉིན་མོ་འཛུགས་དགོས་པའི་ལྟ་ཚུལ་བཏོན་པ་དང་། དབྱིན་ཇི་དང་ཨ་མེ་རི་ཁ། ལྗར་པན་ལ་སོགས་པའི་རྒྱལ་ཁབ་ཀྱིས་དང་ལེན་བྱེད་པར་ཧུར་ཐག་ཞུས་པས་སྔ་རྗེས་སུ་རང་གི་རྒྱལ་ཁབ་ཀྱི་བྱིས་པའི་དུས་ཆེན་བཙུགས་ཡོད།

           འཛམ་གླིང་དམག་ཆེན་གཉིས་པའི་སྐབས།ལི་ཏེ་སྡེ་བ་དང་འཛམ་གླིང་ཡོངས་ཀྱི་དམག་འཁྲུག་ཁྲོད་འདས་པའི་བྱིས་པ་ཡོད་ཚད་ལ་མྱ་ངན་བྱེད་པ་དང་། བྱིས་པར་མནར་གཅོད་གཏོང་བ་དང་སྡུག་ལས་གཏོང་བར་ངོ་རྒོལ་བྱེད་པ། དེ་བཞིན་བྱིས་པའི་དབང་ཆ་འགན་ལེན་བྱ་ཆེད། 1949 ལོའི་ཟླ11པར། རྒྱལ་སྤྱིའི་དམངས་གཙོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་འཛིན་ཚོགས་འདུ་མོ་སི་ཁོར་འཚོགས་ཏེ། འཛམ་གླིང་གི་རྒྱལ་ཁབ་ཁག་གི་བྱིས་པའི་འཚོ་དབང་དང་ལུས་ཁམས་བདེ་སྲུང་གི་དབང་ཆ། སློབ་གསོ་མྱོང་པའི་དབང་ཆར་འགན་སྲུང་བྱེད་ཆེད་དང་བྱིས་པའི་འཚོ་བར་ལེགས་བཅོས་བྱེད་པར་ཚོགས་འདུར་ལོ་རེའི་ཟླ 6 ཚེས 1 ཉིན་ནི་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དུ་གཏན་འཁེལ་བྱས།

          རང་རྒྱལ་གྱི་བྱིས་པའི་དུས་ཆེན་དེ་སྔ་དུས་སུ་ལོ་རེའི་ཟླ 4 ཚེས 4 ཉིན་ཡིན།    དེ་ནི1931 ལོར་ཀྲུང་ཧྭ་བྱམས་ལྡན་བྱིས་གཉོར་མཐུན་ཚོགས་ཀྱི་གྲོས་འགོ་བཏོན་པ་ལྟར་བཙུགས་པ་ཡིན།  1949ལོའི་ཟླ12པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱིས་པའི་དུས་ཆེན་རྙིང་པ་མེད་པར་བཟོས་ཏེ་རང་རྒྱལ་གྱི་བྱིས་པའི་དུས་ཆེན་དེ་ཟླ 6 ཚེས1ཉིན་དུ་གཏན་འཁེལ་གནང་ནས་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དང་གཅིག་གྱུར་ཡོང་བར་བྱ་དགོས་པའི་བཀའ་ཁྱབ་བཏང་། འཛམ་གླིང་གི་རྒྱལ་ཁབ་མང་པོས་ཟླ 6 ཚེས 1 ཉིན་དེ་བྱིས་པའི་དུས་ཆེན་ཡིན་པ་གཏན་འཁེལ་བྱས་ཡོད། ཡོ་རོབ་དང་ཨ་མེ་རི་ཁ་གླིང་གི་རྒྱལ་ཁབ་ཁག་གི་བྱིས་པའི་དུས་ཆེན་གྱི་དུས་ཚོད་མི་འདྲ་བར་མ་ཟད་སྤྱི་ཚོགས་ཀྱི་སྤྱི་དམངས་རང་བཞིན་གྱི་རྟེན་འབྲེལ་བྱེད་སྒོ་འཚོགས་པ་ཤིན་ཏུ་ཉུང་བས། དེར་བརྟེན་མི་རྣམས་ཀྱི་ཟླ 6 ཚེས1 ཉིན་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དེ་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཁོ་ནས་མ་གཏོགས་རོལ་གྱིན་མེད་པའི་གོ་ནོར་ཐེབས་བཞིན་ཡོད། དོན་དངོས་སུ་ཨ་རིའི་རྩ་འཛུགས་འགའ་ཞིག་གིས་ཀྱང་ཟླ 6 ཚེས 1 ཉིན་དེ་བྱིས་པའི་དུས་ཆེན་ཡིན་པ་གཏན་འཁེལ་རྒྱུར་བསམ་གཞིག་བྱེད་འགོ་ཚུགས།

              1925 ལོའི་ཟླ 8 པར་སུའེ་ཙེར་གྱི་རི་ནེ་ཝར་འཚོགས་པའི་བྱིས་པའི་ཕན་བདེའི་སྐོར་གྱི་རྒྱལ་སྤྱིའི་གྲོས་ཚོགས་སུ“རྒྱལ་སྤྱིའི་བྱིས་པའི་དུས་ཆེན”ཞེས་པའི་ཐ་སྙད་ཐོག་མར་བཏོན་པ་རེད་།

              ཐེངས་དེའི་ཚོགས་ཆེན་དུ་རྒྱལ་ཁབ54ཡི་འཐུས་མི་སུའེ་ཙེར་གྱི་རི་ནེ་ཝ་རུ་འཛོམས་ནས་བྱིས་པའི་བདེ་སྐྱིད་ཀྱི་རྒྱལ་སྤྱིའི་ཚོགས་ཆེན་འཚོགས་ཏེ།《རི་ནེ་ཝའི་བྱིས་པའི་བསྒྲགས་གཏམ》 བརྒྱུད་བྱིས་པའི་བསམ་པའི་དགོས་མཁོ་དང་དབུལ་ཕོངས་བྱིས་པ་རྒུད་སྐྱོབ་བྱེད་ཐབས།  བྱིས་པ་ཉེན་ཁའི་ལས་ཀར་གཡོལ་ཐབས། བྱིས་པའི་འཚོ་ཐབས་གོ་སྐབས་ཐོབ་ཐབས། དེ་བཞིན་ཇི་ལྟར་བྱིས་པ་སྐྱོབ་པ་དང་གསོ་སྐྱོང་བྱེད་པ་སོགས་ཀྱི་གནད་དོན་ལ་ཚང་མས་སྤྲོ་སེམས་འཁོལ་བའི་ངང་ནས་གྲོས་བསྡུར་བྱས།

             1949 ལོའི་ཟླ11པར་ལག་བསྟར་ཨུ་ལྷན་གྱི་མོ་སི་ཁོའི་རྒྱལ་སྤྱིའི་དམངས་གཙོ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་རེའི་ཟླ 6 ཚེས 1 ཉིན་དེ་འཛམ་གླིང་ཡོངས་ཀྱི་ལོ་ཆུང་བྱིས་པའི་དུས་ཆེན་ཡིན་པ་དངོས་སུ་གཏན་འབེབས་བྱས།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།