ཁེ་ལས་དབུལ་སྐྱོར་ཕན་པ་བསམ་མི་ཁྱབ།

རྩོམ་པ་པོ།   ཆོས་རྒྱས།དུས་ཚོད།   2018-05-31   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                    ཉེ་ལམ་མཛོད་དགེ་རྫོང་ལུང་ཡོན་ཉོ་ཚོང་ཚད་ཡོད་འགན་འཁྲི་ཀུང་སིས་བཞག་ལྡོམ་གྲོང་རྡལ་མཐའ་བ་སྡེ་བའི་དབུལ་ཕོངས་བ་བཀྲ་ཤིས་སྐྱབས་དང་། ཨྱོན་འཚོ། བསོད་ནམས་སྟོབས་རྒྱས་གསུམ་ལ་ཁྱིམ་ཚང་རེར་སྒོར་ཁྲི་རེ་ཕུལ་བ་དང་། ཁྱོན་མ་སྒོར་ཁྲི3གྱི་ཞལ་འདེབས་ཕུལ་ཡོད། གངས་ཞོགས་ནོར་ཤའི་ཡོད་ཚད་ཀུང་སིས་དབུལ་ཕོངས་བར་སྒོར3000ཕུལ་ཡོད།

                  ཞལ་འདེབས་མཛད་སྒོ་རུ་ལུང་ཡོན་ཀུང་སིའི་འགན་འཁུར་བ་ན་པིང་གིས་བསྟན་དོན། ཀུང་སི་འདི་ནི2010ལོའི་ཟླ8པའི་ཚེས11ཉིན་བཙུགས་ཤིང་། མཛོད་དགེའི་ས་གནས་ཁེ་ལས་ཡིན་ལ་ལས་ཀ་གཙོ་བོ་ནི་ནོར་ཤ་ཐོན་སྐྱེད་དང་། ལས་སྣོན་བྱེད་ཀྱི་ཡོད། ཀུང་སི་བཙུགས་པ་ནས་བཟུང་མགྲོན་པོ་བླ་ན་མེད་པ་དང་། ཡིད་རྟོན་གཙིགས་སུ་འཛིན་པའི་རྩ་དོན་རྒྱུན་འཁྱོངས་ཀྱིས་ཐོན་སྐྱེད་དང་། གཉེར་སྐྱོང་བྱས་པས་མཛོད་དགེ་རྫོང་ཨུ་དང་སྲིད་གཞུང་། རྟོག་ཞིབ་སྡེ་ཁག་གིས་རྒྱབ་སྐྱོར་ཚད་མེད་ཐོབ་པ་དང་མཛུབ་སྟོན་གནང་བས་ཁེ་ལས་འདི་ཉིད་གོང་ནས་གོང་དུ་འཕེལ་བཞིན་ཡོད། ལོ་ངོ་མང་པོའི་རིང་ལ་ཀུང་སིས་བྱམས་བརྩེའི་ལས་དོན་ལ་འབད་དང་འབད་མུས་སུ་ཡོད་ལ། ད་ལོར་དབུལ་སྒྲོལ་གནད་འཁེལ་གྱི་སྐབས་གླགས་འདི་དང་བསྟུན་ནས་དབུལ་ཕོངས་བར་སྒོར་ཁྲི3གྱིས་ཞལ་འདེབས་ཕུལ་བ་འདིས་ཁེ་ལས་ཀྱིས་དབུལ་ཕོངས་བར་བཅིངས་བའི་བརྩེ་སེམས་མཚོན་པ་ཡིན་ཞེས་བཤད། ཞལ་འདེབས་མཛད་སྒོ་རུ་ལུང་ཡོན་དང་གངས་ཞོགས་ཁེ་ལས་ཀྱི་འགན་འཁུར་བས་བསྟན་དོན་ལ། མ་འོངས་པར་མུ་མཐུད་དུ་སྤྱི་ཚོགས་ཀྱི་བས་མཐའ་བ་རྣམས་ལ་སྔར་བས་བྱམས་སྐྱོང་ལེགས་པོ་བྱ་ངེས་ཡིན་ལ། ཁོང་ཚོས་ཞལ་འདེབས་ཀྱི་ལས་འདི་མུ་ནས་མུ་རུ་རྒྱུན་བསྐྱངས་ཏེ་གཏོང་ཕོད་དང་བྱམས་བརྩེའི་སྙིང་སྟོབས་དར་སྤེལ་གཏང་བའི་འབོད་སྐུལ་བཏང་བྱུང་།

               ཐེངས་འདིའི་ཞལ་འདེབས་མཛད་སྒོ་རུ་ད་དུང་མཛོད་དགེ་རྫོང་བཟོ་ཚོང་སྤུས་ཚད་ཟས་རིགས་སྨན་རིགས་ཀྱི་ལས་བྱེད་པ་དང་། གྲོང་སྡོད་ལས་དོན་ཚོ་ཆུང་། གྲོང་རྡལ་སྲིད་གཞུང་། གྲོང་ཨུའི་ལྷན་ཁང་གི་ཁོངས་མི་བཅས་ཞུགས་ཡོད།

               ཐེངས་འདིའི་ཞལ་འདེབས་བྱེད་སྒོར་དབུལ་ཕོངས་ཁྱིམ་ཚང་དང་། གྲོང་རྡལ་སྲིད་གཞུང་། གྲོང་ཨུའི་ལྷན་ཁང་བཅས་ཀྱིས་དགའ་བསུ་ཚད་མེད་ཐོབ་ཡོད་དོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།